ཀྲུང་གོ་བོད་ཀྱི་དྲ་བ། 2013-12-13
སྤྱི་ཟླ12པའི་ཚེས4ཉིན་གྱི་སྔ་དྲོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་ཧྲང་ཅང་ཤང་མའོ་ཀའོ་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ར་སྐོར་ནང་མི་ཚོགས་ཀྱིས་ཁེངས་འདུག་པ་དང་། བོད་རིགས་དང་ལི་སུའུ་རིགས།འཇང་རིགས་སོགས་ནས་ཐོན་པའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས100ལྷག་རང་འགུལ་གྱིས་གནས་འདིར་ཡོང་ནས་དམག་ཁོངས་ནས་ཕྱིར་ལོག་པའི་བུད་མེད་དམག་མི་ཐང་ཁྲོན་ཡུན་གྱིས་ཁོ་ཚོར་ཏང་གི་སྐབས18པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དྲིལ་བསྒྲགས་བྱེད་པར་ཉན། ཐང་ཁྲོན་ཡུན་གྱིས་བོད་སྐད་དང་ལི་སུའུ་སྐད། འཇང་སྐད་དང་ས་དེའི་ལུང་སྐད་སོགས་ལ་བརྟེན་ནས་ཁོ་ཚོར་སྒྲོག་འགྲེལ་བྱས།
ཐང་ཁྲོན་ཡུན་ནི་བོད་རིགས་བུད་མེད་དམག་མི་ཞིག་ཡིན་ལ། སྤྱི་ཟླ11པའི་ཟླ་མཇུག་ཏུ་དམག་སྒར་དུ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་རྣམས་རྩ་འཛུགས་བྱས་ཏེ་ཏང་གི་སྐབས18པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་བྱེད་དུ་བཅུག་པ་དང་།སྐབས་དེར་མོས་ཏང་གི་ཏང་གི་སྐབས18པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱིར་ཕ་ཡུལ་ལ་བསྐྱལ་ནས། རང་ཉིད་ཀྱི་རྒྱ་སྐད་དང་བོད་སྐད། ལི་སུའུ་སྐད། འཇང་སྐད་སོགས་ཁོང་དུ་ཆུད་པའི་ལེགས་ཆར་བརྒྱུད་གྲངས་ཉུང་མི་རིགས་མང་ཚོགས་རྣམས་ལ་བཅོས་བསྒྱུར་ཕྱོགས་ཀྱི་སྲིད་ཇུས་སྒྲོག་འགྲེལ་བྱེད་དགོས་པའི་བསམ་ཚུལ་ཞིག་སེམས་ལ་ཤར།
དམག་ཁོངས་ནས་ཕྱིར་མ་ལོག་པའི་ཡར་སྔོན་ལ། མོས་དུས་ཚོད་ཡོད་དུས་དྲ་རྒྱ་སྟེང་ཞུགས་པ་དང་། དཔེ་མཛོད་ཁང་དུ་སོང་བ་སོགས་ཏང་གི་སྐབས18པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཡིག་ཆ་འཚོལ་བསྡུ་བྱས། ཕ་ཡུལ་དུ་སོང་ནས་སྒྲོག་འགྲེལ་ལེགས་པོ་ཞིག་བྱེད་ཆེད། དམག་ཁོངས་ནས་ཕྱིར་མ་ལོག་པའི་ཡར་སྔོན་དུ་མོས་ད་དུང་ཆེད་དུ་དམག་སྒར་ནས་སྒྲོག་འགྲེལ་ཐེངས་གསུམ་ལ་སྤེལ་བ་དང་། ལག་ལེན་སྟེང་རང་ཉིད་ཀྱི་མི་འདང་ས་སོགས་ལ་བཅོས་བསྒྱུར་བྱས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10