ཀྲུང་གོས2020ལོར་བསླེབ་དུས་བརླན་ས་བཟུང་ཚད་མུའུ་དུང་ཕྱུར8ཡན་ལ་ཟིན་གང་ཐུབ་བྱ་རྒྱུ།

མིག་དམར་གྱིས་བསྒྱུར།        2013-12-12

 

ཀྲུང་གོས2020ལོར་བསླེབ་དུས་བརླན་ས་བཟུང་ཚད་མུའུ་དུང་ཕྱུར8ཡན་ལ་ཟིན་གང་ཐུབ་བྱ་རྒྱུ།

ཞིན་ཧྭ་གསར་འགྱུར་ཁང་ཅི་ནན་ནས་འབྱོར་བའི་གཏམ་གསར། རྒྱལ་ཁབ་ནགས་ལས་ཅུས་ཀྱི་ཅུས་ཀྲང་ཀྲའོ་ཧྲུའུ་ཚུང་གིས་བཤད་རྒྱུར། བརླན་སའི་ཐོན་ཁུངས་སྲུང་སྐྱོང་ནན་སྲུང་བྱ་རྒྱུ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ2020ལོར་སླེབས་དུས། རྒྱལ་ཡོངས་སུ་བརླན་ས་བཟུང་ཚད་མུའུ་དུང་ཕྱུར8ཡན་ཆད་དང་། རང་བྱུང་བརླན་སར་སྲུང་སྐྱོང་བྱེད་ཚད་བརྒྱ་ཆ60ལ་ཟིན་གང་ཐུབ་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བར་སྐྱེ་ཁམས་ཐོན་ཁུངས་ཀྱི་རྨང་གཞི་སྲ་བརྟན་འདིང་རྒྱུ་་རེད།
    ཀྲའོ་ཧྲུའུ་ཚུང་གིས་བཤད་རྒྱུར། ཀྲུང་གོའི་རང་བྱུང་བརླན་སའི་རྒྱ་ཁྱོན་དེ་རྒྱལ་ཁབ་མངའ་ཁོངས་ཀྱི་གཞི་ཁྱོན་གྱི་བརྒྱ་ཆ3.77ཙམ་ལས་བཟུང་མེད་པས་འཛམ་གླིང་གི་ཆ་སྙོམས་ཆུ་ཚད་ལས་དམའ་བ་རེད། དུས་ཡུན་རིང་པོར་གསར་སྦོལ་བྱེད་དྲགས་པས་རྒྱལ་ཡོངས་ཀྱི་བརླན་སའི་རྒྱ་ཁྱོན་ཇེ་ཉུང་དུ་ཕྱིན་པ་དང་བྱེད་ནུས་ཇེ་ཞན་དུ་འགྲོ་བ། སྐྱེ་དངོས་སྣ་མང་ཅན་དམའ་རུ་སོང་བའི་རྣམ་པ་ཕན་འབྲས་ལྡན་པའི་བཀག་སྡོམ་བྱེད་མ་ཐུབ་ཅིང་། ཀྲུང་གོའི་བརླན་ས་སྲུང་སྐྱོང་བྱ་གཞག་གི་ལས་འགན་ཆེ་ཞིང་ལམ་ཐག་རིང་བ་ཞིག་རེད། ངེས་པར་དུ་བརླན་སའི་སྐྱེ་དངོས་སྣ་མང་ཅན་སྲུང་སྐྱོང་བྱ་རྒྱུ་དེ་བརླན་ས་སྲུང་སྐྱོང་བྱ་རྒྱུའི་གལ་འགངས་ཆེ་བའི་མིག་འབེན་དུ་བཟུང་སྟེ་ཧུར་ཐག་གིས་བརླན་སའི་སྐྱེ་ཁམས་མ་ལག་གི་སྲ་བརྟན་རང་བཞིན་ལ་སྲུང་སྐྱོང་བྱེད་དགོས་པ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོས་རྒྱལ་སྤྱིའི་གལ་ཆེ་བའི་བརླན་ས5གསར་དུ་གཏན་འཁེལ་བྱས་པ་རེད། མིག་སྔའི་བར་དུ་སླེབས་སྐབས། ཀྲུང་གོར་རྒྱལ་སྤྱི་ཐོག་གལ་ཆེ་བའི་བརླན་ས་ཁྱོན་བསྡོམས46ལ་ཟིན། འདི་བརླན་ས5ནི་ཧྲན་ཏུང་རྨ་ཆུ་ཧྲན་ཅའོ་ཀྲུའུ་རྒྱལ་སྤྱིའི་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་དང་། ཧེ་ལུང་ཅང་ཤར་ཕྱོགས་དམར་པོའི་བརླན་ས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ། ཅེ་ལིན་མོ་མོ་ཀོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ། ཧུའུ་པེ་ཧྲེན་ལུང་ཅ་ཏ་ཅིའུ་ཧུའུ་བརླན་ས་དང་ཝུའུ་ཧན་ཚའེ་ཏེན་ཁུལ་ཁྲེན་ཧུའུ་བརླན་སའི་རང་བྱུང་སྲུང་སྐྱོང་ཁུལ་བཅས་རེད།
  • ལེ་ཚན་སྔོན་མ།: འཛམ་གླིང་སྟེང་ས་བབ་ཆེས་མཐོ་བའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་རི་སྐྱེས་སྲོག་ཆགས་ཇེ་མང་དུ་ཕྱིན།
  • ལེ་ཚན་རྗེས་མ།:དམག་ཁོངས་ནས་ཕྱིར་ལོག་པའི་བུད་མེད་དམག་མིས་ཏང་གི་སྐབས18པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དག
  • དོ་སྣང་ཆེ་བའི་རྩོམ།