འཛམ་གླིང་སྟེང་ས་བབ་ཆེས་མཐོ་བའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་རི་སྐྱེས་སྲོག་ཆགས་ཇེ་མང་དུ་ཕྱིན།

        2013-12-12

འཛམ་གླིང་སྟེང་ས་བབ་ཆེས་མཐོ་བའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་རི་སྐྱེས་སྲོག་ཆགས་ཇེ་མང་དུ་ཕྱིན།

 ལོ20ཡི་རིང་ལ་དོ་དམ་དང་སྲུང་སྐྱོང་བྱས་པ་བརྒྱུད།འཛམ་གླིང་སྟེང་རྒྱ་ཁྱོན་ཆེས་ཆེ་བའི་སྐམ་སའི་སྐྱེ་ཁམས་མ་ལག་རང་བྱུང་སྲུང་སྐྱོང་ས་ཁུལ་དང་། འཛམ་གླིང་སྟེང་ས་བབ་ཆེས་མཐོ་བའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ཏེ། བོད་ལྗོངས་བྱང་ཐང་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ས་ཁུལ་དུ་གཙོད་དང་འབྲོང་སོགས་རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་མངོན་གསལ་དུ་ཇེ་མང་ཕྱིན་པ་དང་།རི་སྐྱེས་སྲོག་ཆགས་འཚོ་ཁུལ་དང་འདམ་ར་སོགས་ཀྱི་གདོད་མའི་རང་བྱུང་གི་རྣམ་པ་ཡང་རྒྱུན་འབྱམས་སུ་གནས་ཡོད།
    མིག་སྔར་གསར་འགོད་པས་རང་སྐྱོང་ལྗོངས་ནགས་ལས་ཐིང་ནས་ཤེས་རྟོགས་བྱུང་རྒྱུར།ཐོག་མའི་དབྱེ་ཞིབ་ལ་གཞིགས་ན།སྲུང་སྐྱོང་ས་ཁུལ་གྱི་གཙོད་ནི་སྲུང་སྐྱོང་ས་ཁུལ་ཐོག་མར་འཛུགས་དུས་ཀྱི་ཁྲི8ཡས་མས་ནས་ད་སྐབས་ཀྱི་ཁྲི15ཡས་མས་སུ་འཕར་ཡོད་ཅིང་།འབྲོང་གི་གྲངས་ཀ་ཁྲི2ཡས་མས་ནས་ཁྲི4ལ་འཕར་ཡོད།རྐྱང་གི་གྲངས་ཀ་ཁྲི5ཡས་མས་ནས་ཁྲི9ཡས་མས་སུ་འཕར་ཡོད། གསའ་དང་གཉན། གནའ་བ་སོགས་རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་ཡང་མངོན་གསལ་དུ་ཇེ་མང་ལ་ཕྱིན་པ་རེད།
    བོད་ལྗོངས་ནགས་ལས་ཐིང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཁྲུའུ་ཡི་འགན་ཁུར་བ་ཞིག་གིས“སྲུང་སྐྱོང་བྱེད་ཚད་ལ་ཤུགས་སྣོན་བྱས་པ་དང་བསྟུན།སྲུང་སྐྱོང་ས་ཁུལ་དང་ཉེ་འཁོར་ས་ཁོངས་ཀྱི་རི་སྐྱེས་སྲོག་ཆགས་ཀྱིས་མི་ལ་གནོད་པ་གཏོང་བ་དང་རྒྱུ་ནོར་ལ་གྱོ ད་གུད་ཐེབས་པའི་གྱོ ད་གཞི་ཇེ་མང་དུ་ཕྱིན།བོད་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་དུས་ཐོག་ཏུ་འབྲོག་པར་རི་སྐྱེས་སྲོག་ཆགས་ཀྱི་བཟོས་པའི་གྱོ ང་གུད་ལ་ཁ་གསབ་བྱས་ནས།ས་གནས་མང་ཚོགས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་གི་རིན་ཐང་ལ་ངེས་ཤེས་བསྐྱེད་དེ ། ཁོར་ཡུག་སྲུང་སྐྱོང་བྱ་བར་སྐུལ་འདེད་བྱས་པ་ཡིན”ཞེས་བཤད་པ་རེད།
    ཤེས་རྟོགས་བྱུང་བ་ལྟར་ན།ས་གནས་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་མཐོར་འདེགས་བྱས་པ་ལས་གཞན། ནགས་ལས་སྡེ་ཁག་གིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་ཁྲིམས་ལུགས་ལག་བསྟར་བྱེད་པར་ཤུགས་སྣོན་བྱས་ནས།སྲུང་སྐྱོང་ས་ཁུལ་གྱི་སྡོད་དམངས་ཀྱི་རྔོན་མདའ་དང་རི་དྭགས་རྔོན་ཆས་གཞན་དག་རྩིས་ལེན་བྱས་པ་མ་ཟད། སྲུང་སྐྱོང་ས་ཁུལ་གྱི་དོ་དམ་སྡེ་ཁག་དང་ནགས་ཚལ་ཉེན་རྟོག་པ་རྩ་འཛུགས་བྱས་ནས་མཉམ་འབྲེལ་གྱིས་སྐོར་སྐྱོད་སྲུང་སྐྱོང་གི་ཁྲིམས་ལུགས་ལག་བསྟར་བྱས་ཤིང་།ཁྲིམས་འགལ་གྱིས་རི་དྭགས་རྔོན་པ་དང་ཉོ་ཚོང་།རི་སྐྱེས་སྲོག་ཆགས་སྐྱེལ་འདྲེན་བྱེད་པའི་བྱ་སྤྱོད་དག་གོ་ཆོད་པའི་སྒོ་ནས་གཏན་འགོག་བྱས།
    བྱང་ཐང་གི་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ས་ཁུལ་ནི་བོད་ལྗོངས་ཀྱི་ནུབ་བྱང་དུ་ཡོད་ཅིང་།རྒྱ་མཚོ་ངོས་ལས་ཐོག་ཚད་ཆ་སྙོམས་སྨི4000ཡན་ཆད་དང་།སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ298ཡོད།སྲུང་སྐྱོང་ས་ཁུལ་དེ2004ལོའི་ཟླ4པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་བདམས་ཤིང་།དེར་སྲུང་སྐྱོང་བྱ་རྒྱུའི་སྲོག་ཆགས་རིགས་ལ་གཙོད་དང་འབྲོང་།རྐྱང་། གསའ། ཁྲུང་ཁྲུང་སོགས་རྒྱལ་ཁབ་རིམ་པའི་རི་སྐྱེས་སྲོག་ཆགས་དང་།འཚོ་སྡོད་ས་ཁུལ་ཏེ་ས་མཐོའི་ཐང་སྟོང་སྐྱེ་ཁམས་མ་ལག་བཅས་ཡོད་དོ། །




 




 

 







 

  • ལེ་ཚན་སྔོན་མ།:གཞིས་ཀ་རྩེ་ས་ཁུལ་གྱིས་སྤྱི་བའི་རིག་གནས་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་པ།
  • ལེ་ཚན་རྗེས་མ།:ཀྲུང་གོས2020ལོར་བསླེབ་དུས་བརླན་ས་བཟུང་ཚད་མུའུ་དུང་ཕྱུར8ཡན་ལ་ཟིན་གང་ཐུབ་བྱ་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།