གཞིས་ཀ་རྩེ་ས་ཁུལ་གྱིས་སྤྱི་བའི་རིག་གནས་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། 2013-12-11
2013ལོར་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་ཁུལ་གྱིས་སྤྱི་བའི་རིག་གནས་སྒྲིག་ཆས་འཛུགས་སྐྲུན་བྱ་བ་དེ་གཙོ་གནད་དུ་བཟུང་ནས།ས་ཁུལ་དང་།རྫོང་།ཤང་བཅས་རིམ་པ་གསུམ་གྱི་སྤྱི་བའི་རིག་གནས་ཞབས་ཞུ་མ་ལག་སྐྲུན་པར་འབད་བརྩོན་བྱེད་བཞིན་ཡོད།
གཞིས་ཀ་རྩེ་ས་ཁུལ་གྱིས་གྲོང་རྡལ་གྱི་རིག་གནས་ཕྱོགས་བསྡུས་ས་ཚུགས175མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་བཞིན་ཡོད་དེ།རྒྱུས་ལོན་པ་ན་ལྟར་ན།དེའི་ཁྲོད་གྲོང་རྡལ་གྱི་རིག་གནས་ཕྱོགས་བསྡུས་ས་ཚུགས162ཀྱི་ལས་གཞི་ལེགས་འགྲུབ་བྱུང་ཡོད་ཀྱང་།འབྲོང་པ་རྫོང་གི་གྲོང་རྡལ་གྱི་རིག་གནས་ཕྱོགས་བསྡུས་ས་ཚུགས12ཀྱི་སྒྲིག་ཆས་ཆ་ཚང་ཡུལ་དངོས་སུ་འབྱོར་ཡོད།དེ་མིན་གཞིས་ཀ་རྩེ་ས་ཁུལ་གྱིས་གྲོང་རྡལ་རིག་གནས་ཀྱི་ཆ་འཕྲིན་ཐོན་ཁུངས་མཉམ་དུ་བེད་སྤྱོད་བྱེད་པའི་བཟོ་འགོད་ཀྱི་ཞབས་ཞུ་ས་ཚུགས26འཛུགས་སྐྲུན་བྱས་ཡོད་པ་རེད།
དེ་ལས་གཞན།གཞིས་ཀ་རྩེ་ས་ཁུལ་གྱི་མང་ཚོགས་སྒྱུ་རྩལ་ཁང་རྒྱ་བསྐྱེད་པའི་ལས་གཞི་ལེགས་འགྲུབ་བྱུང་ཡོད་དེ།རྫོང18དུ་ཞིན་ཧྭ་དཔེ་ཁང་བསྐྲུན་པའི་བཟོ་འགོད་ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན་ལ།གཞིས་ཀ་རྩེ་ས་ཁུལ་གྱི་དཔེ་མཛོད་ཁང་གསར་དུ་འཛུགས་སྐྲུན་བྱེད་པའི་ལས་གཞི་ཚོད་དཔག་བྱས་པ་ལྟར་ན2014ལོར་འཛུགས་སྐྲུན་བྱེད་འགོ་རྩོམ་རྒྱུ་རེད། །