མཚོ་སྔོན་པོ་དྲ་བ། 2013-12-11
ཟླ12པའི་ཚེས6ཉིན། ཧྭ་ཞེ་རྒྱལ་སྤྱིའི་དངུལ་གཏོང་ཚོགས་ཁག་དང་བོད་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ཚོགས་པས་གཙོ་བསྒྲུབས་དང་། པེ་ཅིང་དུས་རབས་མཛེས་རིས་གླིང་གིས་འགན་བསྒྲུབས་བྱས་པའི་སྤྲིན་གསེབ་ཀྱི་བོད་གླུ་ཞེས་པའི་བོད་ལྗོངས་ཀྱི་རིག་གནས་བརྗོད་བྱར་བྱས་པའི་མུ་འབྲེལ་འགྲེམ་སྟོན་དེ་པེ་ཅིང་དུས་རབས་མཛེས་རིས་གླིང་དུ་སྤེལ་ཞིང་། ཐེངས་འདིའི་འགྲེམ་སྟོན་ལ་སྒྱུ་རྩལ་པ་གྲགས་ཅན་གདན་ཞུས་འགྲེམ་སྟོན་དང་། མཛེས་རིས་བརྩམས་ཆོས་འགྲེམ་སྟོན། གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་སྟོན་བཅས་ཁག་གསུམ་དུ་བགོས་ཡོད་པ་རེད། སྒྱུ་རྩལ་པ་གྲགས་ཅན་གདན་ཞུས་འགྲེམ་སྟོན་སྟེང་ཀྲུང་གོའི་མཛེས་རིས་ཁྱབ་ཁོངས་ཀྱི་སྒྱུ་རྩལ་པ་གྲགས་ཅན་རྣམས་ཀྱི་བརྩམས་ཆོས་གདན་དྲངས་ནས་བོད་ལྗོངས་ཀྱི་མཛེས་རིས་གསར་རྩོམ་གྱི་རིམ་པ་དུ་མ་བརྗོད་པ་དང་། བརྩམས་ཆོས་འགྲེམ་སྟོན་སྟེང་སྒྱུ་རྩལ་པ་གྲགས་ཅན་ཝང་ཡེ་ལགས་ཀྱི་བརྩམས་ཆོས40ལྷག་འགྲེམ་སྟོན་བྱས་ཤིང་། དེའི་ཁྲོད་བརྙན་མིག་བརྒྱུད་ནས་ཕྱི་ནང་གི་འཇིག་རྟེན་གཉིས་གཅིག་ཏུ་སྦྲེལ་པའི་མཛེས་པ་ཅིག་ཅར་དུ་མཚོན། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འགྲེམ་སྟོན་སྟེང་ཐང་ག་དང་། བོད་ཤོག བོད་སྤོས། རྡོ་བརྐོས་སོགས་འགྲེམ་སྟོན་བྱས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10