ལིག་ཡུན་ཧྲན་གྱིས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་སྨྱན་བྱད་མཉམ་ལས་བགྲོ་གླེང་ཚོགས་འདུ་སྐབས་དྲུག་པར་ཞུགས་པའི་ཕྱི་རྒྱལ་གྱི་འཐུས་མི་ལ་མཇལ་འཕྲད་གནང་བ།

        2013-12-11

ལིག་ཡུན་ཧྲན་གྱིས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་སྨྱན་
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཚེས9ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་དང་ཀྲུང་གོ་དང་འཇར་པན།ཧན་གོ་བཅས་ཀྱི་སྨྱན་བྱད་མཉམ་ལས་བགྲོ་གླེང་ཚོགས་འདུ་སྐབས་དྲུག་པར་ཞུགས་པའི་ཕྱི་རྒྱལ་གྱི་འཐུས་མི་ལ་མཇལ་འཕྲད་གནང་།
མཇལ་འཕྲད་གནང་སྐབས་ལིག་ཡུན་ཧྲན་གྱིས་གསུངས་རྒྱུར།སྨྱན་བྱད་ནི་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཡིན་པས།རྒྱལ་ཁབ་སོ་སོའི་སྨྱན་བྱད་ཀྱིས་མི་སྣ་བརྗེ་རེས་དང་གསར་འགྱུར་བརྩམས་ཆོས་བརྗེ་རེས་བྱེད་པ་སོགས་ཀྱི་རྣམ་པ་སྣ་ཚོགས་ཀྱི་མཉམ་ལས་ལ་བརྟེན་ནས།རྒྱལ་ཁབ་སོ་སོའི་མི་དམངས་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བར་མ་ཟད་ས་གནས་རང་གི་མཉམ་ལས་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ཟེར།ལིག་ཡུན་ཧྲན་གྱིས་ད་དུང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་སོགས་ཀྱི་གནས་ཚུལ་མཚམས་སྦྱོར་མཛད།  
 
 

  • ལེ་ཚན་སྔོན་མ།:བོད་ལྗོངས་མི་དམངས་སྨན་ཁང་གིས་སྨན་བཅོས་ཆེད་མཁས་པ་སྒྲིག་འཛུགས་བྱས་ནས་དཔལ་མགོན་རྫོང་དུ་སྨན་བཅོས་ཀྱི་བྱེ
  • ལེ་ཚན་རྗེས་མ།:སྤྲིན་གསེབ་ཀྱི་བོད་གླུ་ཞེས་པའི་སྒྱུ་རྩལ་འགྲེམ་སྟོན་པེ་ཅིང་དུ་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།