ལོ་བཞིའི་ནང་ནང་སོག་ལ་ཞིང་སྡེ་དང་འབྲོག་ཁུལ་གྱི་ལོག་ཉེན་ཡོད་པའི་ཁང་པ་ལེགས་བཅོས་བྱས་པའི་དུད་ཚང་བསྡོམས་གྲངས་ཁྲི44.5ལ་བསླེབས།
མིག་དམར་གྱིས་བསྒྱུར། 2013-12-10
ཞིན་ཧྭ་གསར་འགྱུར་ཁང་ཧུའུ་ཧོ་ཧའོ་ཐེ་ནས་ཟླ་བ11པའི་ཚེས9ཉིན་འབྱོར་བའི་གཏམ་གསར། ནང་སོག་རང་སྐྱོང་ལྗོངས་ཀྱི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་འཛུག་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་རྒྱུར། ནང་སོག་གིས2009ལོ་ནས་བཟུང་མུ་མཐུད་ནས་ཞིང་སྡེ་དང་འབྲོག་པའི་ལོག་རན་པའི་ཁང་པ་ལེགས་བཅོས་བྱེད་པར་མ་དངུལ་བཏང་ཞིང་། སྔོན་རྩིས་བྱས་ན2013ལོའི་ལོ་མཇུག་གི་བར་དུ་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར220བཏང་སྟེ། ལོག་རན་པའི་ཁང་པ་ལེགས་བཅོས་བྱས་པའི་དུད་ཚང་བསྡོམས་གྲངས་ཁྲི44.5ལ་ཟིན་ནས་ཕན་པ་ཐོབ་པའི་མི་འབོར་ཁྲི155.5ལ་སླེབས་ཐུབ་རྒྱུ་རེད།
ནང་སོག་རང་སྐྱོང་ལྗོངས་ཀྱི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ཐིང་གི་གྲོང་གསེབ་དང་གྲོང་རྡལ་འཛུགས་སྐྲུན་ཁྲུའུའི་ཁྲུའུ་ཀྲང་གཞོན་པ་དབྱང་པའོ་ཧྥུང་གིས་བཤད་རྒྱུར། ནང་སོག་གིས2013ལོར་ཞིང་སྡེ་དང་འབྲོག་པའི་ལོག་རན་པའི་ཁང་པ་ལེགས་བཅོས་བྱེད་པར་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར15.15གཏོང་སྤྲོད་བྱས་ཏེ། དུད་ཚང་ཁྲི12.75ཡི་ལོག་རན་པའི་ཁང་པ་ལེགས་བཅོས་བྱ་རྒྱུར་སྤྱད་པ་རེད། ནང་སོག་གིས་ད་དུང་ལོག་རན་པའི་ཁང་པ་ལེགས་བཅོས་དང་མཛེས་སྡུག་གི་གྲོང་རྡལ་དང་གྲོང་གསེབ་འཛུགས་སྐྲུན། སྐྱེ་ཁམས་ཅན་གྱི་གནས་སྤོ་ཡུལ་མི། ས་སྤྱོད་སྒྲིག་གཞི་ལེགས་བཅོས་སོགས་དང་ཟུང་འབྲེལ་བྱས་ནས་ཕན་འབྲས་ལྡན་པའི་སྒོ་ནས་ཞིང་འབྲོག་མི་དམངས་ཀྱི་སྡོད་ཁང་གི་ཆ་རྐྱེན་ལེགས་བཅོས་བཏང་བ་རེད། ས་གནས་འགའི་ཞིང་སྡེའི་ལོག་རན་པའི་ཁང་པ་ལེགས་བཅོས་བྱས་པ་གཙོ་གནད་དུ་བཟུང་ཞིང་འགྲིམ་འགྲུལ་དང་ཆུ་བེད། ནགས་ལས་སོགས་རིགས་སོ་སོའི་མ་དངུལ་གཏོང་འཇོག་ཕྱོགས་བསྡུས་ལེགས་སྒྲིག་བྱས་ཏེ་དཔེ་སྟོན་གྲོང་གསེབ་འཛུགས་སྐྲུན་གཅིག་བསྡུས་ཀྱིས་ཞིང་སྡེའི་འཚོ་བ་དང་ཐོན་སྐྱེད་ཀྱི་ཆ་རྐྱེན་ལེགས་བཅོས་བྱས་པ་རེད།