རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མ་མཐའི་འཚོ་རྟེན་འགན་སྲུང་གི་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ལ་ཆེད་དོན་ལྟ་ཞིབ་བྱས།

མིག་དམར་གྱིས་བསྒྱུར།        2013-12-10

མ་མཐའི་འཚོ་རྟེན་འགན་སྲུང་ནི་ཏང་དང་སྲིད་གཞུང་གིས་འཚོ་བ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱས་པའི་རྨང་འདིང་རང་བཞིན་དང་རྨང་གཞི་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་ཅིག་ཡིན་ལ། དམངས་འཚོ་ལ་ཕན་པ་དང་མི་དམངས་ཀྱི་དཀའ་ངལ་བསལ་བ། དམངས་སེམས་ལ་བདེ་དྲོད་སྟེར་བའི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པའི་ནང་གི་བྱེད་ཐབས་གལ་ཆེ་ཞིག་ཀྱང་ཡིན་པ་རེད། མ་མཐའི་འཚོ་རྟེན་འགན་སྲུང་གི་སྲིད་ཇུས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་། སྔར་ལྷག་གིས་མ་མཐའི་འཚོ་རྟེན་འགན་སྲུང་གི་ལས་ཀའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བྱེད་ཆེད། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་སོ་སོ།ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་བཅས་ཀྱིས་ཁྱོན་ཡོངས་ནས་རང་ཉིད་ལ་རྟོག་ཞིབ་བྱས་པའི་རྨང་གཞིའི་ཐོག རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟླ་བ11པ་ནས་བཟུང་། ལྟ་ཞིབ་ཚོ་ཆུང5དེ་ཞིང་ཆེན་(ལྗོངས།)ཁ་ཤས་སུ་མ་མཐའི་འཚོ་རྟེན་འགན་སྲུང་གི་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ལ་ཆེད་དོན་ལྟ་ཞིབ་བྱེད་ས་མངགས་རྒྱུ་རེད།
    ཐེངས་འདིའི་ལྟ་ཞིབ་ལས་ཀའི་གཙོ་གནད་ནི་ས་གནས་ཁག་གི་མ་མཐའི་འཚོ་རྟེན་འགན་སྲུང་གི་སྲིད་ཇུས་ནང་རྐྱེན་འཐུས་ཚང་གཏོང་བ་དང་། ཞིབ་བཤེར་གཏན་འབེབས་དང་ཞིབ་བཤེར་ཆོག་མཆན་འགོད་པའི་གོ་རིམ་ལག་བསྟར་བྱེད་པ། མ་དངུལ་དང་མི་སྣ་འགན་སྲུང་བྱེད་པ་སོགས་འབྲེལ་ཡོད་གནས་ཚུལ་ལ་རྟོག་ཞིབ་བྱ་རྒྱུ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཚོ་ཆུང་གིས་ས་གནས་རིམ་པ་ཁག་གི་སྲིད་གཞུང་གིས་བཏོན་པའི་མ་མཐའི་འཚོ་རྟེན་འགན་སྲུང་དང་འབྲེལ་ཡོད་ཀྱི་ཆ་ཚང་སྲིད་ཇུས་དང་མ་མཐའི་འཚོ་རྟེན་འགན་སྲུང་བྱེད་ཡུལ་གྱི་དོ་དམ་བྱས་ཚུལ་ལ་རྟོག་ཞིབ་བྱ་རྒྱུ། མ་མཐའི་འཚོ་རྟེན་འགན་སྲུང་གི་སྙན་ཞུ་དང་ཞིབ་བཤེར་གཏན་འབེབས། ཞིབ་བཤེར་ཆོག་མཆན། སྤྱི་བསྒྲགས། གཏོང་སྤྲོད་བཅས་ལྷུ་ཚིགས་ཁག་ཚད་ལྡན་ལག་བསྟར་དང་སྤྱི་བསྒྲགས་གསལ་པོས་བྱས་ཚུལ་ལ་ཞིབ་བཤེར་བྱ་རྒྱུ། མ་མཐའི་འཚོ་རྟེན་འགན་སྲུང་གི་མ་དངུལ་བཀོད་སྒྲིག་དང་གཏོང་སྤྲོད། དོ་དམ་བྱས་ཚུལ་སོགས་ལ་ཞིབ་བཤེར་བྱ་རྒྱུ། དཀའ་ངལ་ཡོད་པའི་མང་ཚོགས་དང་གཞི་རིམ་ལས་བྱེད་མི་སྣའི་བསམ་འཆར་དང་གྲོས་གཞི་ལ་ཉན་ནས་ཉམས་མྱོང་དང་བྱེད་སྟངས་ལེགས་པོ་ཕྱོགས་བསྡོམས་བྱས་ཏེ། ལྟ་ཞིབ་བྱེད་རིམ་རྙེད་པའི་གནད་དོན་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཚོ་ཆུང་གིས་ས་གནས་སྲིད་གཞུང་ལ་ཞིབ་བསྡུས་ནན་ཏན་བྱེད་དགོས་པས་མ་ཚད་དུས་ཐོག་ཏུ་ལེགས་བཅོས་བྱེད་སྟངས་ལ་ལྟ་སྐུལ་བྱ་རྒྱུ་ཡིན་པ་རེད།
  • ལེ་ཚན་སྔོན་མ།:ལོ་ལྔ་ལ་ཉེ་བའི་ནང་ཀྲུང་དབྱང་ནོར་སྲིད་ཀྱིས་དབང་པོ་སྐྱོན་ཅན་ལས་རིགས་ཐད་ལ་མ་དངུལ་སྒོར་དུང་ཕྱུར110བཏང་།
  • ལེ་ཚན་རྗེས་མ།:ལོ་བཞིའི་ནང་ནང་སོག་ལ་ཞིང་སྡེ་དང་འབྲོག་ཁུལ་གྱི་ལོག་ཉེན་ཡོད་པའི་ཁང་པ་ལེགས་བཅོས་བྱས་པའི་དུད་ཚང་བསྡོམས་ག
  • དོ་སྣང་ཆེ་བའི་རྩོམ།