ལོ་ལྔ་ལ་ཉེ་བའི་ནང་ཀྲུང་དབྱང་ནོར་སྲིད་ཀྱིས་དབང་པོ་སྐྱོན་ཅན་ལས་རིགས་ཐད་ལ་མ་དངུལ་སྒོར་དུང་ཕྱུར110བཏང་།
མིག་དམར་གྱིས་བསྒྱུར། 2013-12-10
ཞིན་ཧྭ་གསར་འགྱུར་ཁང་ཅིས་ནན་ནས་ཟླ་བ11པའི་ཚེས2ཉིན་འབྱོར་བའི་གཏམ་གསར། གོང་ཚེས་ཉིན་འཚོགས་པའི2013ལོའི་དབང་པོ་སྐྱོན་ཅན་གྱི་ཁེ་དབང་འགན་སྲུང་དང་སྤྱི་པའི་ཞབས་ཕྱིའི་ཞིབ་འཇུག་གྲོས་བསྡུར་གྱི་ཚོགས་འདུའི་ཐོག ཀྲུང་གོའི་དབང་པོ་སྐྱོན་ཅན་གྱི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ་གཞོན་པ་ཁྲེང་ཁའེ་ཡིས་བཤད་རྒྱུར། ལོ་ལྔ་ལ་ཉ་བའི་ནང་ཀྲུང་དབྱང་ནོར་སྲིད་ཀྱིས་དབང་པོ་སྐྱོན་ལས་རིགས་ཐད་མ་དངུལ་སྒོར་དུང་ཕྱུར110བཏང་ནས་དབང་པོ་སྐྱོན་ཅན་གྱི་ཁེ་དབང་འགན་སྲུང་བྱེད་པའི་ལས་ཀར་སྐུལ་འདེད་ཤུགས་ཆེ་རུ་བཏང་བ་རེད།
ཉེ་བའི་ལོ་ཤས་ནང་ཀྲུང་གོས་སྔོན་རྗེས་སུ《དབང་པོ་སྐྱོན་ཅན་གྱི་སློབ་གསོའི་སྲོལ་ཡིག》དང་།《དབང་པོ་སྐྱོན་ཅན་གྱི་ལས་ཞུགས་བྱ་རྒྱུའི་སྲོལ་ཡིག》སོགས《དབང་པོ་སྐྱོན་ཅན་གྱི་འགན་སྲུང་བཅའ་ཁྲིམས》རབ་དང་རིམ་པའི་སྲིད་འཛིན་གྱི་ཁྲིམས་སྲོལ་ཆ་ཚང་བསྒྲགས་པས་མ་ཚད།《དབང་པོ་སྐྱོན་ཕོག་པར་སྔོན་འགོག་དང་དབང་པོ་སྐྱོན་ཅན་གྱི་ལུས་གསོའི་སྲོལ་ཡིག》བཟོ་འགོད་ཇེ་མགྱོ གས་བྱས་ཏེ་དབང་པོ་སྐྱོན་ཅན་གྱི་སློབ་གསོ་དང་ལས་ཞུགས། ལུས་གསོ། སྤྱི་ཚོགས་འཚོ་བའི་ནང་ཞུགས་པ་སོགས་ཀྱི་ཁེ་དབང་མངོན་འགྱུར་ཡོང་བར་ཁྲིམས་ལུགས་ཀྱི་འགན་སྲུང་མཁོ་འདོན་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། མ་འོངས་པའི་ལོ་ལྔའི་ནང་། ཀྲུང་དབྱང་ནོར་སྲིད་ཀྱིས་མུ་མཐུད་ནས་དབང་པོ་སྐྱོན་ཅན་ལ་ཞབས་ཕྱིའི་སྒྲིག་ཆས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་རྒྱུ་ཡིན་ལ། མུ་མཐུད་ནས་ཞབས་ཕྱིའི་ཁེབས་ཚད་རྒྱ་སྐྱེད་གཏང་རྒྱུ། ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་སྟེ་དབང་པོ་སྐྱོན་ཅན་ཚོ་སྤྱི་ཚོགས་འཚོ་བའི་ནང་ཞུགས་པར་དེ་བས་ནུས་ལྡན་གྱི་འགན་སྲུང་བྱེད་པར་མཁོ་འདོན་བྱ་རྒྱུ་རེད། གཙོ་གནད་ནི་བརྟན་བརླིང་དང་ཡིད་ཆེས་བྱེད་ཆོག་པའི་དབང་པོ་སྐྱོན་ཅན་གྱི་གཞི་རྩའི་འགན་སྲུང་གི་ཉེན་མེད་དྲ་བ་འཛུགས་སྐྱོང་བྱ་རྒྱུ་དང་། དབང་པོ་སྐྱོན་ཅན་གྱི་སྤྱི་པའི་ཞབས་ཞུ་མ་ལག་འཐུས་སྒོ་ཚང་དུ་གཏང་རྒྱུ། དབང་པོ་སྐྱོན་ཅན་ཚོས་རང་ཉིད་འཕེལ་རྒྱས་བྱེད་ནུས་ལ་ཤུགས་སྣོན་རྒྱག་རྒྱུ། དབང་པོ་སྐྱོན་ཅན་ལས་ཞུགས་འདྲ་མཉམ་བྱ་རྒྱུའི་དབང་ཆ་དང་འཕེལ་རྒྱས་གཏོང་རྒྱུའི་འདྲ་མཉམ་གོ་སྐབས་ལ་འགན་སྲུང་བྱ་རྒྱུ་སོགས་ཀྱི་ནང་དོན་ཚུད་ཡོད་པ་རེད།