བོད་ལྗོངས་ཀྱི་སྲིད་འཛིན་གྲོང་ཚོ་ཚང་མར་གློག་འཐེན་པ།

    ཀྲུང་གོའི་བོད་ལྗོངས་དྲ་བ།    2013-12-11

གསར་འགོད་པས་བོད་རང་སྐྱོང་ལྗོངས་ནུས་རྒྱུ་གཞུང་དོན་ཁང་ནས་རྒྱུས་ལོན་པ་ལྟར་ན།“གསེར་གྱི་ཉི་མའི”ལས་གྲྭ་དང་།གྲོང་གསེབ་ཀྱི་གློག་མེད་ཁུལ་དུ་གློག་ཤུགས་སྐྲུན་པའི་ལས་གྲྭགྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭ་བཅས་ལག་བསྟར་བྱས་པར་བརྒྱུད་བོད་ཀྱི་སྲིད་འཛིན་གྲོང་ཚོར་གློག་ཤར་གཏོང་ཐུབ་ཚད100%ཟིན་ནས་གློག་མེད་ས་ཁུལ་དང་།གྲོང་ཚོའི་སྤྱི་པའི་འདུ་གནས།སློབ་གྲྭདགོན་སྡེ།ལམ་སྐྱོང་ས་ཚིགས་སོགས་ཀྱི་གློག་གི་གནད་དོན་རྩ་བའི་ཆ་ནས་ཐག་བཅད་པ་རེད།
བོད་རང་སྐྱོང་ལྗོངས་ནུས་རྒྱུ་གཞུང་དོན་ཁང་ནས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན།2012ལོ་ནས2013ལོའི་བར“གསེར་གྱི་ཉི་མའི”ལས་གྲྭར་སྒོར་དུང་ཕྱུར13བཏང་ནས་དུད་ཁྱིམ་དུ་བེད་སྤྱོད་གཏོང་བའི་མ་ལག182564སྒྲིག་སྦྱོར་བྱས་ཡོད་པ་དང་།འོད་ནུས་གློག་ཁང་ས་ཚིགས62སྐྲུན་ཡོད་པས་འཛུགས་སྐྲུན་སྤྱིའི་གཞི་ཁྱོན་ཆན་ཝ་ཁྲི5ལས་བརྒལ་ཡོད་པ་རེད།
མིག་སྔའི་བར་བོད་ལྗོངས་ཀྱི་གྲོང་གསེབ་གློག་མེད་ཁུལ་དུ་གློག་ཤུགས་སྐྲུན་པའི་ལས་གྲྭའི་འཛུགས་སྐྲུན་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར58.94བཏང་ཡོད་པ་དང་།བོད་ལྗོངས་ཀྱི་ཞིང་སྡེའི་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར26.92བཏང་ཡོད་པས་བོད་ལྗོངས་ཀྱི་སྡེ་བ་རེ་རེར་གློག་འཐེན་པ་དང་གློག་སྤྱོད་སྤུས་ཚད་ཇེ་ལེགས་སུ་གཏོང་བ་མངོན་འགྱུར་བྱས་ཡོད་པ་རེད། 
 
  • ལེ་ཚན་སྔོན་མ།:ལོ་བཞིའི་ནང་ནང་སོག་ལ་ཞིང་སྡེ་དང་འབྲོག་ཁུལ་གྱི་ལོག་ཉེན་ཡོད་པའི་ཁང་པ་ལེགས་བཅོས་བྱས་པའི་དུད་ཚང་བསྡོམས་ག
  • ལེ་ཚན་རྗེས་མ།:ཡུས་ཀྲིན་ཧྲིན་གྱིས་ཧྥུན་ལན་གྲོས་ཁང་གི་མ་འོངས་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལིས་པོ་ཉིན་ལ་མཇལ་འཕྲད་གནང
  • དོ་སྣང་ཆེ་བའི་རྩོམ།