བོད་ལྗོངས་ཀྱིས་བོད་ཡིག་གི་བརྡ་ཆད་གསར་བ7000ལྷག་ཞིབ་བཤེར་གཏན་འབེབས་བྱས་ཏེ་ཁྱབ་བསྒྲགས་བྱས །
མཁའ་མཚོ་སྐྱིད་ཀྱིས་བསྒྱུར། མི་དམངས་དྲ་བ། 2013-12-10
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།གསར་འགོད་པས་སྤྱི་ཟླ12པའི་ཚེས4ཉིན་བོད་རང་སྐྱོང་ལྗོངས་ཀྱི་གཞུང་ཕྱོགས་ལས་ཁུངས་ནས་རྒྱུས་ལོན་པ་ལྟར་ན། མིག་སྔའི་བར་དུ། བོད་ལྗོངས་ཀྱིས་བོད་ཡིག་གི་བརྡ་ཆད་གསར་བ7000ལྷག་ཞིབ་བཤེར་གཏན་འབེབས་བྱས་ཏེ་ཁྱབ་བསྒྲགས་བྱས།
བོད་རང་སྐྱོང་ལྗོངས་བོད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། ལས་ཁུངས་འདིས་བོད་ཡིག་གི་བརྡ་ཆད་གསར་བ་ཞིབ་བཤེར་གཏན་འབེབས་དང་ཁྱབ་བསྒྲགས་བྱས་པ་ལས་གཞན་ད་རུང་ཚན་རིག་སྐོར་གྱི་བརྡ་ཆད་ཁྲི6ཞིབ་བཤེར་གཏན་འབེབས་བགྱིས་ཏེ་ཁྱབ་བསྒྲགས་བྱས་ཤིང་། རྩིས་འཁོར་ཐད་ཀྱི་བརྡ་ཆད་ཁྲི12ཁྱབ་བསྒྲགས་བྱས། དེ་མིན“བོད་ཀྱི་སྐད་ཡིག་རྨང་གཞིའི་ཡིག་མཛོད་ཆེ་གྲས་འཛུགས་སྐྲུན”ཞེས་པར་ཚན་རིག་ཞིབ་འཇུག་སྤེལ་ཏེ། བོད་ལྗོངས་ཀྱི་དངུལ་ཁང་བྱ་བའི་ཞབས་ཞུ་ཁྲོད་བོད་ཀྱི་སྐད་ཡིག་དང་རིག་གནས་ཚད་ལྡན་དུ་བཀོད་སྤྱོད་བྱས།
ད་ལོའི་སྤྱི་ཟླ10བར《བོད་ལྗོངས་ཀྱི་འཕེལ་རྒྱས་དང་ཡར་ཐོན》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཁྱབ་སྒྲགས་བྱས་ཤིང་། དེའི་ཁྲོད་བོད་ལྗོངས་སུ་བསྡོམས་པས་བོད་ཡིག་གི་དུས་དེབ་རིགས14ཡོད་པ་དང་། བོད་ཡིག་གི་ཚགས་པར་རིགས10ཡོད་ལ། 2012ལོར་བོད་ལྗོངས་ཀྱིས་བོད་ཡིག་གི་དཔེ་ཆའི་རིགས780པར་སྐྲུན་བྱས། པར་སྐྲུན་བྱས་པའི་གྲངས་ཀ་དེབ་ཁྲི431ལ་སླེབས། དེ་མིན་བོད་ཡིག་སྐོར་གྱི་བསམ་པའི་རིག་གནས་ཐོན་རྫས་དེ་བས་ཕུན་སུམ་ཚོགས་པོ་ཡོད། །