སློབ་གསོ་པུའུ་ཡིས་དགེ་འོས་སློབ་གྲྭའི་སློབ་ཐོན་སློབ་མ་སློབ་གྲྭ་ཆུང་འབྲིང་དུ་སློབ་ཁྲིད་བྱེད་པའི་སྒྲིག་གཞི་དང་ལས་གནས་ཡོད་པར་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་ཁྱབ་བསྒྲགས་བྱས།

མིག་དམར་གྱིས་བསྒྱུར།        2013-12-06

 ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ11པའི་ཚེས13ཉིན་འབྱོར་བའི་གཏམ་གསར། སློབ་གསོ་པུའུ་ཡིས་གོང་ཚེས་ཉིན་ཁྱབ་བསྒྲགས་བྱས་པའི་ལས་ཀ་ཞིག་གི་བརྡ་ཐོའི་ནང་ཞིང་ཆེན་རིམ་པ་ཁག་གི་སློབ་གསོ་སྲིད་འཛིན་སྡེ་ཁག་ལ་ལས་ཁུངས་སྒྲིག་གཞི་སྡེ་ཁག་དང་མཉམ་དུ་ཞིབ་བཤེར་གཏན་འབེབས་བྱས་པའི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་སྒྲིག་གཞི་བསྡོམས་འབོར་ནང་རིན་པ་མི་དགོས་པའི་དགེ་འོས་སློབ་གྲྭའི་སློབ་ཐོན་སློབ་མའི་བཟོ་འགོད་འཆར་འགོད་བཀོད་སྒྲིག་སྔོན་དུ་བྱས་ཏེ། རིན་པ་མི་དགོས་པའི་དགེ་འོས་སློབ་གྲྭའི་སློབ་ཐོན་སློབ་མ་སློབ་གྲྭ་ཆུང་འབྲིང་དུ་དགེ་རྒན་བྱེད་པར་བཟོ་འགོད་དང་ལས་གནས་ཡོད་པར་འགན་ལེན་བྱེད་དགོས་པའི་རེ་འདུན་གནང་།
    བརྡ་ཐོ་ལ་གཞིགས་ན། 2014ལོའི་ཟླ་བ5པའི་ཟླ་མཇུག་གི་སྔོན། རིན་པ་མི་དགོས་པའི་དགེ་འོས་སློབ་གྲྭའི་སློབ་ཐོན་སློབ་མ་བརྒྱ་ཆ90ཡིས་ཕྱོགས་གཉིས་ཀྱིས་གདམ་ག་བརྒྱབ་པ་བརྒྱུད་དེ་དགེ་རྒན་བྱེད་སའི་སློབ་གྲྭ་དོན་འཁྱོལ་བྱེད་པར་འགན་ལེན་བྱེད་དགོས། 2014ལོའི་ཟླ་བ6པའི་ཟླ་མཇུག་ཏུ་སྔར་བཞིན་གན་རྒྱ་མ་འཇོག་པའི་རིན་པ་མི་དགོས་པའི་དགེ་འོས་སློབ་གྲྭའི་སློབ་ཐོན་སློབ་མའི་ཡིག་ཚགས་དང་ཁྱིམ་ཐོ་སོགས་སློབ་མ་ཡོད་སའི་ཞིང་ཆེན་སློབ་གསོ་སྲིད་འཛིན་སྡེ་ཁག་ཏུ་སྤོ་དགོས། ཞིང་ཆེན་རིམ་པ་ཁག་གི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གཅིག་འགྱུར་གྱིས་བཀོད་སྒྲིག་བྱས་ཏེ་དགེ་རྒན་མི་འདང་བའི་སློབ་གྲྭ་ཆུང་འབྲིང་དུ་དགེ་རྒན་བྱེད་དུ་བཅུག་སྟེ། རིན་པ་མི་དགོས་པའི་དགེ་འོས་སློབ་གྲྭའི་སློབ་ཐོན་སློབ་མ་སློབ་གྲྭ་དང་མ་བྲལ་བའི་སྔོན་ཚང་མ་དགེ་རྒན་བྱེད་སའི་སློབ་གྲྭ་དོན་འཁྱོལ་བྱེད་པར་ཁག་ཐེག་ནན་པོ་བྱེད་དགོས་པ་རེད།
    བརྡ་ཐོའི་ཐོག་ནན་པོར་སྟོན་རྒྱུར། ཞིང་ཆེན་བརྒལ་བའི་ལས་ཞུགས་བྱེད་པར་ཚད་ལྡན་ནན་པོ་བྱེད་དགོས་ཤིང་། རིན་པ་མི་དགོས་པའི་དགེ་འོས་སློབ་གྲྭའི་སློབ་ཐོན་སློབ་མ་ཞིང་ཆེན་བརྒལ་ཏེ་དགེ་རྒན་བྱས་རྗེས་ཞིང་ཆེན་གྱིས་འགན་ཁུར་བ་དང་དོ་དམ་བྱེད་པར་དང་ལེན་བྱེད་དགོས། ལས་ཞུགས་ཀྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་རིན་པ་མི་དགོས་པའི་དགེ་འོས་སློབ་གྲྭའི་སློབ་ཐོན་སློབ་མ་ཞིང་སྡེ་དང་མཐའ་ཁུལ། དབུལ་ཕོངས། མི་རིགས་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་དུ་དགེ་རྒན་བྱེད་པར་སྐུལ་སློང་དང་སྣེ་ཁྲིད་བྱེད་དགོས།
  • ལེ་ཚན་སྔོན་མ།:བོད་ཀྱི་རིག་གནས་སྲུང་སྐྱོང་དང་གོང་འཕེལ་མཐུན་ཚོགས་ཀྱི་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞ
  • ལེ་ཚན་རྗེས་མ།:ཀན་སུའུ་ཞིང་ཆེན་གྱིས་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་གྱི་སློབ་གསོ་མཆོང་བརྒལ་འཕེལ་རྒྱས་ལ་རོགས་སྐྱོར་བྱ
  • དོ་སྣང་ཆེ་བའི་རྩོམ།