བོད་ཀྱི་རིག་གནས་སྲུང་སྐྱོང་དང་གོང་འཕེལ་མཐུན་ཚོགས་ཀྱི་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞི་པ་པེ་ཅིང་དུ་འཚོགས།

        2013-12-05

བོད་ཀྱི་རིག་གནས་སྲུང་སྐྱོང་དང་གོང་འཕེལ་མཐུན་ཚོགས་ཀྱི་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞ
 

 ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ12ཚེས3ཉིན་གནས་ཚུལ་འབྱོར་གསལ།སྤྱི་ཚེས2ཉིན་ཀྲུང་གོའི་བོད་ཀྱི་རིག་གནས་སྲུང་སྐྱོང་དང་གོང་འཕེལ་མཐུན་ཚོགས་ཀྱི་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད།ཚོགས་འདུའི་ཐོག་མཐུན་ཚོགས་ཀྱི་སྐབས་གཉིས་པའི་ལས་འཛིན་ཚོགས་འདུ་འཚོགས་ཚུན་གྱི་ལས་དོན་སྙན་ཞུ་དང་མཐུན་ཚོགས་ཀྱི་ཡན་ལག་ཚོགས་ཆུང་གི་ལས་དོན་ཇུས་གཞིར་གྲོས་ཞིབ་བྱས་པ་དང་།ཀྲང་དབྱི་ཅུང་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་དྲུང་ཆེན་གཅིག་ལྕོགས་སུ་སྣོན་འདེམས་བྱས་པ་དང་།ཟླ་བ་དོན་གྲུབ་སོགས་བོད་ཀྱི་རིག་གནས་སྲུང་སྐྱོང་དང་གོང་འཕེལ་བྱ་གཞག་ལ་ལྷག་བསམ་རྣམ་དག་བཅངས་མཁན་གྱི་ལས་རིགས་ཁག་གི་མི་སྣ18མཐུན་ཚོགས་ཀྱི་ལས་འཛིན་པར་སྣོན་འདེམས་བྱས་ཡོད།
    ཀྲང་དབྱི་ཅུང་གིས།2010ལོའི་ཟླ6པའི་སྐབས་ཀྲུང་གོའི་བོད་ཀྱི་རིག་གནས་སྲུང་སྐྱོང་དང་གོང་འཕེལ་མཐུན་ཚོགས་ཀྱི་སྐབས་གཉིས་པའི་ལས་འཛིན་ལྷན་ཚོགས་བཙུགས་པ་ནས་བཟུང་སྲིད་གཞུང་དང་དམངས་ཁྲོད་ཀྱི་ཕྱོགས་ཁག་གི་སྟོབས་ཤུགས་དང་མཉམ་དུ་རིགས་མི་འདྲ་བའི་འགྲེམས་སྟོན་དང་བོད་འབྲེལ་རིག་གནས་བཟོས་རྫས་དཔེ་སྐྲུན།བོད་རིག་པའི་རྒྱལ་སྤྱིའི་སྤེལ་རེས་ལ་སྐུལ་མ་བཏང་ཞིང་།“སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་གཏད”ཀྱི་སྤྱི་ཕན་བྱེད་སྒོ་སྒྲིག་འཛུགས་བྱས་པ་བཅས་བོད་ཀྱི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཁག་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་ཅེས་བཏོན།
      ཀྲང་དབྱི་ཅུང་གིས།ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་རིག་གནས་སྒྲིག་གཞིའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད་པས་བོད་ཀྱི་རིག་གནས་སྲུང་སྐྱོང་དང་གོང་འཕེལ་ལས་དོན་ལེགས་པོ་བསྒྲུབ་རྒྱུ་དང་།བོད་ཀྱི་རིག་གནས་གོང་འཕེལ་ཆེན་པོ་དང་དར་རྒྱས་ཆེན་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ཁ་ཕྱོགས་གསལ་སྟོན་བྱས་ཡོད།མཐུན་ཚོགས་ཀྱིས་ཤེས་ལྡན་པའི་སྟོབས་ཤུགས་དང་འཐུས་ཚབ་རང་བཞིན་ཆེ་བ།སྒྲིག་སྲོལ་སྟབས་བསྟུན་ལྡན་པ།བྱེད་སྒོ་རྒྱ་ཆེ་བ་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས་དེ་བས་མང་ལ་ལེགས་པའི་བྱེད་སྒོ་སྒྲིག་འཛུགས་བྱས་ཐོག་བོད་ཀྱི་རིག་གནས་དར་རྒྱས་གོང་འཕེལ་གཏོང་རྒྱུ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ཆུ་ཚད་མཐོ་རུ་གཏོང་རྒྱུ།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་བཏོན་ཡོད།
    ཀྲུང་གོའི་བོད་ཀྱི་རིག་གནས་སྲུང་སྐྱོང་དང་གོང་འཕེལ་མཐུན་ཚོགས་ནི2004ལོའི་ཟླ6པའི་ཚེས21ཉིན་བཙུགས་པ་དང་།ལས་སྒོའི་ཁྱབ་ཁོངས་ནང་བོད་ཀྱི་རིག་གནས་ཀྱི་ལོ་རྒྱུས་དང་ད་ལྟའི་གནས་བབ།དེ་བཞིན་འཕེལ་རྒྱས་འགྲོ་ཚུལ་བཅས་ལ་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་སྲིད་གཞུང་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་རྩ་འཛུགས་ལ་བོད་ཀྱི་རིག་གནས་སྲུང་སྐྱོང་དང་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་ཞིབ་ཕྲའི་གྲོས་འགོ་འདོན་རྒྱུ་དང་རྒྱལ་ཁབ་ཕྱི་ནང་དུ་བོད་ཀྱི་རིག་གནས་འགྲེམས་སྟོན་དང་རིག་གཞུང་ཞིབ་བསྡུར་གྲོས་ཚོགས་གཉེར་རྒྱུ།བོད་ཀྱི་རིག་གནས་ཀྱི་བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་སོགས་ཚུད་ཡོད་པ་རེད།

  • ལེ་ཚན་སྔོན་མ།:མཚོ་སྔོན་ཞིང་ཆེན་དུ་རིན་མི་ལེན་པར་ཨེ་ཙི་ནད་ལ་བརྟག་དཔྱད་བྱེད་པའི་སྐབས་བཅོས་ཁང་བརྒྱ་དང་སོ་བདུན་བཙུགས།
  • ལེ་ཚན་རྗེས་མ།:སློབ་གསོ་པུའུ་ཡིས་དགེ་འོས་སློབ་གྲྭའི་སློབ་ཐོན་སློབ་མ་སློབ་གྲྭ་ཆུང་འབྲིང་དུ་སློབ་ཁྲིད་བྱེད་པའི་སྒྲིག་
  • དོ་སྣང་ཆེ་བའི་རྩོམ།