མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-12-04
རྒྱལ་ཡོངས་ཀྱི་ཕྱིར་རྒྱལ་ནང་དུ་ལོག་པའི་རང་མི་དང་ཕྱི་སྡོད་རང་མིའི་ཁྱིམ་མིའི་འཐུས་མིའི་ཚོགས་ཆེན་ཐེངས9བ་ཚེས2ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བརྩམས་པ་དང་།ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕེན་དང་ལིས་ཁི་ཆང་།ཀྲང་ཏི་ཅང་།ཡུས་ཀྲིན་ཧྲིན།ལིག་ཡུན་ཧྲན།ཝང་ཆི་ཧྲན་སོགས་ཚོགས་འདུར་ཞུགས་ནས་རྟེན་འབྲེལ་ཞུས།
ཉིན་དེའི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་སོགས་ཚོགས་རར་ཕེབས་རྗེས།ཚོགས་ར་ཡོངས་སུ་ཐལ་མོ་རྡེབ་སྒྲས་ཁེངས།རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་རང་རྒྱལ་དུ་ཕྱིར་ལོག་པའི་རང་མི་དང་ཕྱི་སྡོད་རང་མིའི་ཁྱིམ་མིའི་འཐུས་མི་དང་འཛམ་གླིང་གི་ས་གནས་སོ་སོ་ནས་ཡོང་བའི་ཕྱི་སྡོད་རང་མི་བཞི་བརྒྱ་ལྷག་གདན་ཞུ་བྱས་ནས་ཚོགས་ཆེན་ལ་ཞུགས།
རྔམ་བརྗིད་ལྡན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི་ཁྲོད་དུ་ཚོགས་ཆེན་དངོས་སུ་ཚོགས་མགོ་བརྩམས།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན།རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཡོན་ཁྲའོ་ཡིས་ཀྲུང་དབྱང་གི་མངག་བཅོལ་ལྟར།ཁ་ཡིག་ལ་རྒྱ་ཆེའི་རང་རྒྱལ་དུ་ཕྱིར་ལོག་པའི་རང་མི་དང་ཕྱི་སྡོད་རང་མིའི་ཁྱིམ་མི།ཕྱི་སྡོད་རང་མི་བཅས་ལ་སྐུལ་སློང་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཐུན་མོང་མ་ཡིན་པའི་བྱས་རྗེས་འཇོག་དགོས་ཞེས་པའི་ཤིས་ཚིག་ཕུལ་ཏེ།ཚོགས་ཆེན་གཟབ་རྒྱས་ངང་ཚོགས་པར་རྟེན་འབྲེལ་ཞུས་པ་དང་རྒྱ་ཆེའི་རང་རྒྱལ་དུ་ཕྱིར་ལོག་པའི་རང་མི་དང་ཕྱི་སྡོད་རང་མིའི་འཐུས་མི།ཕྱི་སྡོད་རང་མིའི་བྱ་བ་སྒྲུབ་མཁན་བཅས་ལ་བརྩེ་བའི་འཚམས་འདྲི་བྱས།
ལིས་ཡོན་ཁྲའོ་ཡིས་ཤིས་ཚིག་ནང་བཤད་རྒྱུར།རྒྱ་ཆེའི་རང་རྒྱལ་དུ་ཕྱིར་ལོག་པའི་རང་མི་དང་ཕྱི་སྡོད་རང་མིའི་ཁྱིམ་མི།ཕྱི་སྡོད་རང་མི་བཅས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ཐོན་ཁུངས་གལ་ཆེན་ཡིན་པ་དང་།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་སྟོབས་ཤུགས་གཙོ་བོ་ཡིན།རྒྱལ་ཡོངས་ཀྱི་རང་རྒྱལ་དུ་ཕྱིར་ལོག་པའི་རང་མི་དང་ཕྱི་སྡོད་རང་མིའི་ཁྱིམ་མིའི་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པ་ཚོགས་རྗེས།རིམ་པ་སོ་སོའི་ཕྱི་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་གྲུབ་འབྲས་ལྡན་པའི་བྱ་བ་གང་མང་བསྒྲུབས་པར་མ་ཟད།ཏང་དང་སྲིད་གཞུང་གིས་རང་རྒྱལ་དུ་ཕྱིར་ལོག་པའི་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མིའི་འཐུས་མི།ཕྱི་སྡོད་རང་མི་བཅས་ཀྱི་བར་ལ་འབྲེལ་འདྲིས་བྱེད་པར་ནུས་པ་ཆེན་པོ་བཏོན་ཟེར།
ཚོགས་ཐོག་ནས«ཀྲུང་ཧྭ་རྒྱལ་ཡོངས་ཀྱི་ཕྱི་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱི་སྡོད་རང་མིའི་ལས་དོན་གཞུང་སྒྲུབ་ཁང་གཉིས་ཀྱིས་ཀྲུང་གོའི་ཕྱི་སྡོད་རང་མིའི་ལས་རིགས་ཀྱི་ཕུལ་བྱུང་མི་སྣ་དང་རྒྱལ་ཡོངས་ཀྱི་རང་རྒྱལ་དུ་ཕྱིར་ལོག་པའི་རང་མི་དང་ཕྱི་སྡོད་རང་མིའི་ཁྱིམ་མིའི་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོན་བྱེད་པའི་སྐོར་གྱི་ཆོད་དོན»དང«མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་ཀྲུང་ཧྭ་རྒྱལ་ཡོངས་ཀྱི་ཕྱི་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་རྒྱལ་ཡོངས་ཀྱི་ཕྱི་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་ལ་གཟེངས་བསྟོད་བྱེད་པའི་སྐོར་གྱི་ཆོད་དོན»སྒྲོག་འདོན་བྱས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10