མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-12-04
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ12པའི་ཚེས2ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁ་མེ་ལུང་དང་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།
ལིས་ཁི་ཆང་གིས་ཀྲུང་གོ་དང་དབྱིན་ཇིའི་ཙུང་ལི་བར་གྱི་ལོ་འཁོར་ཐུག་འཕྲད་ཀྱི་གྲུབ་འབྲས་གཙོ་བོ་མཚམས་སྦྱོར་མཛད།ཁོང་གིས་གསུངས་རྒྱུར།ཀྲུང་གོ་དང་དབྱིན་ཇིའི་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་འཁོར་བཅུ་ལོན་ལ་ཉེ།ཕྱོགས་གཉིས་ཀྱིས་ཕན་ཚུན་བར་བརྩི་འཇོག་བྱེད་པ་དང་འདྲ་མཉམ་སྒོས་ལྟ་སྟངས་འཛིན་པའི་རྩ་དོན་གཞིར་བཟུང་སྟེ།རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་བར་ཁག་ཐེག་བྱས། ཀྲུང་གོ་དང་དབྱིན་ཇི་གཉིས་ནི་འཛམ་གླིང་གི་དཔལ་འབྱོར་ཚོགས་པ་གཙོ་བོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྟོབས་ཤུགས་གལ་ཆེན་ཡིན་ལ།རྒྱལ་ཁབ་གཉིས་ཀྱིས་འཐབ་ཇུས་མཉམ་ལས་དང་ཐུན་མོང་གི་ཁེ་ཕན་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དེ།ཕྱོགས་གཉིས་ཀྱི་འབྲེལ་བའི་འཐབ་ཇུས་རང་བཞིན་དང་གཉིས་ཕན་རང་བཞིན།འཛམ་གླིང་རང་བཞིན་བཅས་ཀྱི་ཁྱད་ཆོས་ཉིན་རེ་བཞིན་ཇེ་ཆེར་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇི་ཕྱོགས་དང་མཉམ་དུ་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་།ཆབ་སྲིད་ཐད་ནས་ཕན་ཚུན་ལ་བརྩི་འཇོག་དང་ཡིད་ཆེས་བྱེད་པ།རིག་གནས་ཐད་ནས་ཕན་ཚུན་དཔྱད་གཞིར་བཟུང་སྟེ།ཉོ་ཚོང་དངུལ་གཏོང་རང་དབང་ཅན་དང་སྟབས་བདེ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་།ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་འདོད་ཡོད་ཟེར།
ཁ་མེ་ལུང་གིས་བཤད་རྒྱུར།ཀྲུང་གོའི་འཕེལ་རྒྱས་ནི་དབྱིན་ཇི་དང་འཛམ་གླིང་གི་གོ་སྐབས་ཡིན།དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས།ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་དེ།དབྱིན་ཇི་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་དང་།ཡོ་རོབ་གླིང་དང་ཀྲུང་གོ་བར་གྱི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10