མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་འབུམ་རམས་པའི་བོད་ཀྱི་ཤེས་རིག་གླེང་སྟེགས་ཁག་གཉིས་པ་སྤེལ།

ལྷ་མོ་སྐྱབས།    མཚོ་སྔོན་པོ་དྲ་བ།    2013-11-29

མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་འབུམ་རམས་པའི་བོད་ཀྱི་ཤེས་རིག་གླེང་སྟེགས་ཁག་གཉིས་པ་སྤེལ།
ཚོགས་རའི་ཟུར་ཞིག
   ཟླ11ཚེས27ཉིན། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སྐབས་དང་པོའི་བོད་ཀྱི་སྐད་ཡིག་རིག་གནས་དུས་ཆེན་ལས“བོད་ཀྱི་ཤེས་རིག་གླེང་སྟེགས”ཞེས་པའི་མུ་འབྲེལ་བྱ་འགུལ་ལས་འབུམ་རམས་པའི་བོད་ཀྱི་ཤེས་རིག་གླེང་སྟེགས་ཁག་གཉིས་པ་དེ་སློབ་གྲྭ་དེ་གར་བདེ་ལེགས་ངང་སྤེལ། ཐེངས་འདིར་འཆད་ཁྲིད་གནང་མཁན་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གི་དགེ་རྒན་ཆེན་མོ། འབུམ་རམས་པ་མགོན་པོ་ཚེ་རིང་ཡིན་ལ། ཁོང་གིས་པཎ་ཆེན་སྐུ་ཕྲེང་བཅུ་བའི་གྲུབ་མཐའ་རིས་མེད་ཀྱི་དགོངས་པར་དཔྱད་པ་ཞེས་པ་བརྗོད་གཞིར་བཟུང་ནས་བོད་དུ་གྲུབ་མཐའ་རིས་མེད་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་འཕེལ་རྒྱས་སོང་བའི་སྐོར་དང་། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་མཛད་པ་དང་འབྲེལ་ནས་ཁོང་གིས་གྲུབ་མཐའ་རིས་མེད་ལག་ལེན་གནང་བའི་ཕྱོགས་གཙོ་བོར་བཟུང་ནས་འཆད་ཁྲིད་གནང་། མཐར་དགེ་རྒན་ཆེན་མོ་སྟོབས་ལྡན་གྱིས་ཐེངས་འདིའི་འཆད་ཁྲིད་ལ་ཕྱོགས་གསུམ་ནས་གདེང་འཇོག་ཆེན་པོ་བྱས།

  • ལེ་ཚན་སྔོན་མ།:ཁྲི་ཀ་རྫོང་གིས་མུ་མཐུད་དུ་རིག་གནས་གྲོང་སྡེ་དང་ཁྱིམ་ཚང་དུ་བསྐྱོད་པའི་བྱ་འགུལ་བཟང་བོ་སྤེལ།
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་ཨུ་རུ་སིའི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུའུ་ལ་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།