ལིས་ཁི་ཆང་གིས་ཨུ་རུ་སིའི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུའུ་ལ་མཇལ་འཕྲད་གནང་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-12-02

ལིས་ཁི་ཆང་གིས་ཨུ་རུ་སིའི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུའུ་ལ་མཇལ་འཕྲད་གནང་བ།
ཟླ11པའི་ཚེས29ཉིན་རྒྱལ་སྲིད་སྤྱིཟླ11པའི་ཚེས29ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཨུ་རུ་སིའི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུའུ་ལ་མཇལ་འཕྲད་གནང་།
མཇལ་འཕྲད་གནང་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར།ཧྲང་ཧེ་མཉམ་ལས་རྩ་འཛུགས་ནི་ཀྲུང་གོ་དང་ཨུ་རུ་སིས་འཐབ་ཇུས་མཉམ་ལས་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཡིན་པས།ཕྱོགས་གཉིས་ཀྱིས་འབྲེལ་འདྲིས་དམ་པོ་བྱེད་པ་དང་མཉམ་དུ་ཧྲང་ཧེ་མཉམ་ལས་རྩ་འཛུགས་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས།བདེ་འཇགས་དང་དངོས་གཉེར་ཕྱོགས་གཉིས་ཀྱི་ཐད་ནས་མུ་མཐུད་དུ་གྲུབ་འབྲས་ཆེན་པོ་ལེན་དགོས་ཟེར།
མེ་ཏི་ཝེ་ཅེ་ཧྥུའུ་ཡིས་བཤད་རྒྱུར།ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱིས་གཏན་འཁེལ་བྱས་པའི་མཉམ་ལས་ལས་གཞི་དངོས་འབེབས་བཟང་བོ་བྱས་ཏེ།ནུས་ཁུངས་དང་དཔལ་འབྱོར་ཉོ་ཚོང་།འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་།བདེ་འཇགས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་སྤྱི་ཁོག་ནང་དུ་མཐུན་སྦྱོར་དང་གཞོགས་འདེགས་དམ་པོ་བྱས་ནས།ས་གནས་ཀྱི་བདེ་འཇགས་དང་དར་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར། 
་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཨུ་རུ་སིའི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུའུ་ལ་མཇལ་འཕྲད་གནང་།

 

  • ལེ་ཚན་སྔོན་མ།:མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་འབུམ་རམས་པའི་བོད་ཀྱི་ཤེས་རིག་གླེང་སྟེགས་ཁག་གཉིས་པ་སྤེལ།
  • ལེ་ཚན་རྗེས་མ།:དགུན་དུས་ཀྱི་སྐུ་འབུམ་དགོན་པ།
  • དོ་སྣང་ཆེ་བའི་རྩོམ།