ཁྲི་ཀ་རྫོང་གིས་མུ་མཐུད་དུ་རིག་གནས་གྲོང་སྡེ་དང་ཁྱིམ་ཚང་དུ་བསྐྱོད་པའི་བྱ་འགུལ་བཟང་བོ་སྤེལ།

རིན་ཆེན་མཚོ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-11-29

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་མུ་མཐུད་དུ་རིག་གནས་གྲོང་སྡེ་དང་ཁྱིམ་ཚང་དུ་བསྐྱོད་པའི་བཟོ་སྐྲུན་བཟང་བོར་སྤེལ་ནས། སྟག་ལུང་སྡེ་བ་སོགས་སྡེ་བ་བརྒྱད་ལ་རིན་ཐང་སྒོར་འབུམ་གཉིས་དང་ཁྲི་གཉིས་ཀྱི་རོལ་ཆས་དང་འཁྲབ་སྟོན་གྱོན་ཆས། མིག་མངས་སོགས་རིག་གནས་ལུས་རྩལ་ཡོ་བྱད་བྱིན།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་སྒྲིག་ཆས་སྐོར་ཞིག་བྱིན་པ་དེས། ཁྲི་ཀ་རྫོང་གི་རོང་འབྲོག་ཁུལ་གྱི་རིག་གནས་བྱ་འགུལ་སྒྲིག་ཆས་ཆ་རྐྱེན་ཇེ་ལེགས་སུ་བཏང་ནས། རྒྱ་ཆེའི་མང་ཚོགས་ཀྱི་རིག་གནས་ཐད་ཀྱི་དགོས་མཁོ་བསྐངས་བ་དང་། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད། རྫོང་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་རིག་གནས་ཞབས་ཞུའི་སྒྲིག་ཆས་སྔར་ལས་འཐུས་ཚང་དུ་བཏང་ནས། ཞིང་སྡེའི་རིག་གནས་སྣང་ཚུལ་བཟང་བོ་བསྐྲུན། །
  • ལེ་ཚན་སྔོན་མ།:ཀྲུང་གུང་ཀྲུང་དབྱང་གིས་ཏང་ནང་གི་ཁྲིམས་སྲོལ་གཏན་འཁེལ་བྱ་བའི་ལོ་ལྔའི་འཆར་འགོད་རྩ་གནད་འགྲེམ་སྤེལ་བྱས།
  • ལེ་ཚན་རྗེས་མ།:མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་འབུམ་རམས་པའི་བོད་ཀྱི་ཤེས་རིག་གླེང་སྟེགས་ཁག་གཉིས་པ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།