བོད་ལྗོངས་ཀྱི་ལུས་རྩལ་སྦྱོང་བརྡར་རྟེན་གཞི་ཆེ་གྲས་ཐོག་མ་ཉིང་ཁྲི་ས་ཁུལ་ནས་འཛུགས་སྐྲུན་བྱེད་འགོ་ཚུགས།

    ཞིན་ཧྭ་དྲ་བ།    2013-11-29

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།གསར་འགོད་པས་སྤྱི་ཟླ11པའི་ཚེས27ཉིན་བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་མཐོ་སྒང་ལུས་རྩལ་སྦྱོང་བརྡར་རྟེན་གཞི་ཉེ་སྔོན་འཛུགས་སྐྲུན་བྱེད་འགོ་ཚུགས་ཤིང་། རྣམ་གྲངས་འདི་ལས་བོད་ལྗོངས་སུ་མཐོ་སྒང་ལུས་རྩལ་སྦྱོང་བརྡར་རྟེན་གཞི་ཆེ་གྲས་མེད་པའི་སྟོང་ཆ་སྐོང་ཐུབ་པ་མ་ཟད། ལུས་རྩལ་པ་རྣམས་ལ་ཡིད་ཚིམ་པའི་མཐོ་སྒང་གི་ལུས་རྩལ་སྦྱོང་བརྡར་ས་གནས་མཁོ་འདོན་བྱས་པ་རེད།
བོད་ལྗོངས་ལུས་རྩལ་ཚན་རིག་ཞིབ་རིག་ཁང་གི་མགོ་ཁྲིད་རྡོ་རྗེ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཉེ་བའི་ལོ་གཉིས་རིང་གི་རྣམ་གྲངས་རིགས་སྒྲུབ་བྱས་པ་བརྒྱུད། ཉིང་ཁྲི་ས་ཁུལ་གྱི་མཐོ་སྒང་ལུས་རྩལ་སྦྱོང་བརྡར་རྟེན་གཞི་ཉེ་ཆར་འཛུགས་སྐྲུན་བྱེད་འགོ་ཚུགས་ཤིང་། ལས་གཞི་དེ་ཉིང་ཁྲི་ས་ཁུལ་གྱི་སྲིད་འཛིན་ཀུང་ཧྲུའུ་ཡོད་སའི་པ་དབྱི་གྲོང་རྡལ་དུ་གནས་ཤིང་། འཛུགས་སྐྲུན་རྒྱ་ཁྱོན་ལ་མུའུ45ཟིན་པ་དང་། འཆར་གཞི་ལྟར་ན་མ་དངུལ་སྒོར་ཁྲི6700བཏང་། དེའི་ནང་ཆུ་རྐྱལ་ཁང་དང་། ཕྱོགས་བསྡུས་ལུས་རྩལ་ཁང་། རི་འཛེགས་ས། མདའ་འཕེན་ས་སོགས་རྩལ་སྦྱངས་བྱེད་ས་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་མ་ཟད། ཕྱོགས་བསྡུས་ཞབས་ཞུ་ཐོག་ཁང་དང་། སྣེ་ལེན་བྱེད་སའི་ཐོག་ཁང་སོགས་ཆ་ཚང་གི་སྒྲིག་ཆས་འཛུགས་སྐྲུན་བྱ་རྒྱུ་ཡིན་ལ། ས་དེ་གའི་སྔར་ཡོད་ཀྱི་རྒྱུགས་རྩལ་ར་བར་ཞིག་གསོ་དང་རྒྱ་བསྐྱེད་རྒྱུ་ཡིན་ཏེ། ལས་གཞི་འདི་འཛུགས་སྐྲུན་བྱེད་པར་ཧ་ལམ་ལོ2ལྷག་གི་དུས་ཚོད་བེད་སྤྱད་དེ་ད་གཟོད་ལེགས་འགྲུབ་འབྱུང་རྒྱུ་རེད་ཟེར།  །
  • ལེ་ཚན་སྔོན་མ།:2013ལོའི་ཚན་རིག་གིས་ཨེ་ཛི་ནད་ཡམས་འགོག་བཅོས་བྱེད་པའི་སྤྱི་ཕན་དགེ་ལས་དགོང་ཚོགས་བསྡུས།
  • ལེ་ཚན་རྗེས་མ།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་བསྡུས་ནས་བདེ་འཇགས་ཐོན་སྐྱེད་བྱ་བ་བཀོད་སྒྲིག་བྱས།
  • དོ་སྣང་ཆེ་བའི་རྩོམ།