ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2013-11-29
2013ལོའི་ཚན་རིག་གིས་ཨེ་ཛི་ནད་ཡམས་འགོག་བཅོས་བྱེད་པའི་སྤྱི་ཕན་
དགེ་ལས་དགོང་ཚོགས།
ཟླ11པའི་ཚེས27ཉིན། 2013ལོའི་ཚན་རིག་གིས་ཨེ་ཛི་ནད་ཡམས་འགོག་བཅོས་བྱེད་པའི་སྤྱི་ཕན་དགེ་ལས་དགོང་ཚོགས་དེ་ཁྲིན་ཏུའུ་གྲོང་ཁྱེར་གཉན་ཆེན་ཐང་ལྷའི་གླུ་གར་ཁང་དུ་བསྡུས་ཤིང་། དེར་བོད་ཀྱི་མིང་གྲགས་གླུ་བ་གླུ་མ་གང་མང་སླེབས་ཡོད་དེ། གླུ་བ་ཀུན་དགའ་དང་། ཨེ་མ་ཚན་སྡེབ། བློ་བཟང་། བསྟན་འཛིན། ནམ་མཁའ་འཚོ། དབྱངས་ཅན་ཚེ་སྒྲོལ། ལྷ་ལུང་མཚོ། དབང་མོ། བློ་བཟང་དོན་གྲུབ། ཚེ་དབང་ལྷ་མོ། མཐོ་སྒང་བུ་མོ་སྤུན་གསུམ། ཀརྨ་བཅིངས་གྲོལ་སྒྲོལ་མ། ལྕགས་པོ་ཨ་མཚར། ཤེར་བསྟན། གཡུང་དྲུང་རྒྱལ་སོགས་ཡོད། དགོང་ཚོགས་ཡུལ་དངོས་སུ་གླུ་བ་གཡུང་དྲུང་རྒྱལ་གྱིས་སྒོར་ཁྲི30སྦྱིན་ཏེ་ཨེ་འགོག་བྱ་བར་རྒྱབ་སྐྱོར་བྱས།
གླུ་བ་ཀུན་དགས་གླུ་གཞས་ལེན་པ།
དགོང་ཚོགས་འདི་ནི་ཁྲིན་ཏུའུ་གྲོང་ཁྱེར་མི་རིགས་ཆོས་ལུགས་ལས་དོན་ཁང་དང་། སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ས་ཁུལ་འཕྲོད་བསྟེན་དར་སྐུལ་ཚོགས་པ། དགེ་ཕན་བྱམས་བརྩེ་ཚོགས་པ། གཉན་ཆེན་ཐང་ལྷ་གླུ་གར་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པ་མ་ཟད། བོད་ཁུལ་ན་མིང་དུ་གྲགས་པའི་གླུ་བ་གླུ་མ་དག་འདུ་འཛོམས་ཀྱིས་མི་རིགས་ས་ཁུལ་གྱི་ཨེ་འགོག་བྱ་བར་རྒྱབ་སྐྱོར་དང་ཤུགས་བསྐྱེད་པ་རེད།
གླུ་མ་ཚེ་དབང་ལྷ་མོས་གླུ་གཞས་ཕུལ་བ།
དགོང་ཚོགས་སུ། གླུ་བ་ཀུན་དགས《ཚེ་སྲོག་གི་འབོད་པ》ཞེས་པ་དང་། ཚེ་དབང་ལྷ་མོས《རང་འདུན་པའི་གླུ》། ཨེ་མ་ཚན་སྡེབ་ཀྱིས《ལས་ཀྱི་སྤུན་ཟླ》། དབང་མོས《རང་བྱུང་གི་བརྩེ་བ》། མཐོ་སྒང་བུ་མོ་སྤུན་གསུམ་གྱིས《ཞི་བདེའི་བསྟོད་གླུ》། བློ་བཟང་དོན་གྲུབ་ཀྱིས《གངས་ལྗོངས་ཀྱི་གྲོགས་པོ》། ལྷ་ལུང་མཚོས《ཚེ་སྲོག་གི་ཁ་ཟས》། ཤེར་བསྟན་གྱིས《དར་སྐུད་དམར་པོ》། ཀརྨ་བཅིངས་གྲོལ་སྒྲོལ་མས《ཨེ་འགོག་གི་གླུ》། གཡུང་དྲུང་རྒྱལ་གྱིས《གསོལ་འདེབས》སོགས་གླུ་གཞས་ཕུལ་ཏེ་ཨེ་ཛི་ནད་ཡམས་འགོག་བཅོས་བྱེད་པར་རྒྱབ་སྐྱོར་གང་ལེགས་གནང་།
མཐོ་སྒང་བུ་མོ་སྤུན་གསུམ་གྱིས་གླུ་གཞ་སལེན་བཞིན་པ།
དགོང་ཚོགས་མཇུག་སྒྲིལ་བ།
འདི་ལྟ་བུའི་རྒྱ་ཆེ་བའི་སྤྱི་ཕན་བྱ་འགུལ་སྤེལ་བར་བརྒྱུད། མི་རིགས་ས་ཁུལ་དུ་སྔར་ལས་ལྷག་པར་ཨེ་འགོག་དྲིལ་སྒྲོག་བྱེད་ཤུགས་ཆེར་བསྐྱེད་ཅིང་། མི་རྣམས་ཀྱིས་ཀྱང་ཨེ་འགོག་བྱ་བར་དོ་སྣང་དང་ཐུགས་ཁུར་བྱེད་པར་ཕན་ཆེ་བར་མ་ཟད། མི་སོ་སོའི་ཨེ་འགོག་གི་འདུ་ཤེས་སྔར་ལས་མཐོར་འདེགས་སུ་གཏོང་བར་དགེ་མཚན་ཤིན་ཏུ་ཆེ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10