ཞི་ཅིན་ཕེན་གྱིས་རྒྱལ་སྤྱིའི་ཨོ་ལིན་ཕིས་ཁིའི་ལུས་རྩལ་འགུལ་སྐྱོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་མཇལ་འཕྲད་གནང་བར་མ་ཟད་ཨོ་ལིན་ཕིས་ཁིའི་གསེར་གྱི་རྟགས་མ་དང་ལེན་མཛད་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-11-25

ཞི་ཅིན་ཕེན་གྱིས་རྒྱལ་སྤྱིའི་ཨོ་ལིན་ཕིས་ཁིའི་ལུས་རྩལ་འགུལ་སྐྱོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་མཇལ་འཕྲད་ག
སྤྱི་ཟླ11པའི་ཚེས19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་སྤྱིའི་ཨོ་ལིན་ཕིས་ཁིའི་ལུས་རྩལ་འགུལ་སྐྱོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་མཇལ་འཕྲད་གནང་བར་མ་ཟད་ཨོ་ལིན་ཕིས་ཁིའི་གསེར་གྱི་རྟགས་མ་དང་ལེན་མཛད་པ།


 སྤྱི་ཟླ11པའི་ཚེས19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་སྤྱིའི་ཨོ་ལིན་ཕིས་ཁིའི་ལུས་རྩལ་འགུལ་སྐྱོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་མཇལ་འཕྲད་གནང་བར་མ་ཟད་ཨོ་ལིན་ཕིས་ཁིའི་གསེར་གྱི་རྟགས་མ་དང་ལེན་མཛད།

ཞི་ཅིན་ཕེན་གྱིས་རྒྱལ་སྤྱིའི་ཨོ་ལིན་ཕིས་ཁིའི་ལུས་རྩལ་འགུལ་སྐྱོད་ཨུ་ཡོན་ལྷན་ཁང་གིས་ལུས་རྩལ་འགུལ་སྐྱོད་འཕེལ་རྒྱས་སུ་གཏོང་བ་དང་། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལས་དོན་ལ་སྐུལ་འདེད་གཏོང་བར་ནུས་པ་བཟང་བོ་བཏོན་པར་གཟེངས་བསྟོད་མཛད།

ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་རྒྱུར། ཀྲུང་གོ་སྲིད་གཞུང་གིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས་ལུས་རྩལ་ལས་དོན་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཨོ་ལིན་ཕིས་ཁིའི་ལུས་རྩལ་འགུལ་སྐྱོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་ནུས་པ་གལ་ཆེན་ལའང་མཐོང་ཆེན་བྱེད་ཀྱིན་ཡོད། ཉེ་བའི་ལོ་འགའི་རིང་ལ། ང་ཚོས་པེ་ཅིན་ཨོ་ལིན་ཕིས་ཁིའི་ལུས་རྩལ་འགྲན་ཚོགས་དང་དབང་བོ་སྐྱོན་ཅན་གྱི་ཨོ་ལིན་ཕིས་ཁིའི་ལུས་རྩལ་འགྲན་ཚོགས། ཀོང་ཀྲིག་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་བཅས་རྒྱལ་སྤྱིའི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགུལ་སྐྱོད་འགྲན་ཚོགས་དང་རྒྱལ་སྤྱིའི་ཨོ་ལིན་ཕིས་ཁིའི་ལུས་རྩལ་འགུལ་སྐྱོད་ཨུ་ཡོན་ལྷན་ཁང་གི་འཛམ་གླིང་མང་ཚོགས་ཀྱི་ལུས་རྩལ་ཚོགས་ཆེན་སོགས་རྒྱལ་སྤྱིའི་ལུས་རྩལ་བྱ་འགུལ་ཆེན་མོ་ཕུན་སུམ་ཚོགས་པའི་ངང་བསྒྲུབ་ཡོད། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལྟར། མི་དམངས་ཀྱི་བདེ་ཐང་ཆུ་ཚད་ཧུར་ཐག་སྒོས་མཐོར་འདེགས་སུ་གཏོང་བ་དང་། མང་ཚོགས་ཀྱི་ལུས་རྩལ་དང་རྩལ་འགྲན་ལུས་རྩལ་འཕེལ་རྒྱས་སུ་བཏང་སྟེ། ལུས་རྩལ་གྱི་རྒྱལ་ཁབ་ཆེན་པོ་ནས་ལུས་རྩལ་གྱི་སྟོབས་ལྡན་རྒྱལ་ཁབ་ཞིག་ཏུ་བསྒྱུར་བར་འབད་པ་བྱེད་རྒྱུ་ཡིན་ཟེར།

པ་ཧི་ཡིས་ཀྲུང་གོ་སྲིད་གཞུང་གིས་རྒྱལ་སྤྱིའི་ཨོ་ལིན་ཕིས་ཁིའི་ལུས་རྩལ་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས་པར་མ་ཟད། ཀྲུང་གོས་འཛམ་གླིང་གི་ལུས་རྩལ་འགུལ་སྐྱོད་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་གལ་ཆེན་བཞག་པར་གཟེངས་བསྟོད་བྱས།

དེའི་རྗེས་སུ། པ་ཧི་ཡིས་རྒྱལ་སྤྱིའི་ཨོ་ལིན་ཕིས་ཁིའི་ལུས་རྩལ་འགུལ་སྐྱོད་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཞི་ཅིན་ཕེན་ལ་ཨོ་ལིན་ཕིས་ཁིའི་གསེར་གྱི་རྟགས་མ་གནང་བ་དང་། ཞི་ཅིན་ཕེན་གྱིས་འཛམ་གླིང་གི་ལུས་རྩལ་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ཨོ་ལིན་ཕིས་ཁིའི་སྙིང་སྟོབས་དར་སྤེལ་བྱེད་པའི་ཐད་ལ་བྱས་རྗེས་ཁྱད་དུ་འཕགས་པ་བཞག་པར་གཟེངས་བསྟོད་མཛད།  ། 

  • ལེ་ཚན་སྔོན་མ།:དགུན་དུས་བོད་ལྗོངས་སུ་གནས་སྐོར་བྱེད་པའི་འོས་སྦྱོར་ཚོགས་འདུ་པེ་ཅིན་དུ་སྤེལ་བ།
  • ལེ་ཚན་རྗེས་མ།:མཉམ་ལས་ཁང་ལ་བརྟེན་ནས་མང་ཚོགས་རྣམས་ཕྱུག་པོའི་ལམ་དུ་སྐྱོད།
  • དོ་སྣང་ཆེ་བའི་རྩོམ།