མཉམ་ལས་ཁང་ལ་བརྟེན་ནས་མང་ཚོགས་རྣམས་ཕྱུག་པོའི་ལམ་དུ་སྐྱོད།

    བོད་ལྗོངས་ཉིན་རེའི་ཚགས་པར།    2013-11-25

མཉམ་ལས་ཁང་ལ་བརྟེན་ནས་མང་ཚོགས་རྣམས་ཕྱུག་པོའི་ལམ་དུ་སྐྱོད།
འདི་ནི་ནང་སོག་ནས་གདན་ཞུ་བྱས་པའི་འཐག་ལས་ལག་རྩལ་དགེ་རྒན་སུན་ཀྲེས་ལྗང་གྲོང་ཚོའི་གནས་སྐོར་ཞབས་ཞུ་མཉམ་ལས་ཁང་གི་ཁོངས་མིར་འཕྲུལ་ཆས་གསར་བའི་སྤྱོད་སྟངས་སོགས་ཀྱི་གནད་དོན་བཤད་བཞིན་པའི་ཚུལ་རེད།
ཉེ་བའི་ལོའི་རིང་། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་ཤང་གིས་མཉམ་ལས་ཁང་གི་ལག་རྩལ་གསོ་སྦྱོང་རབ་དང་རིམ་པ་སྤེལ་ནས་མང་ཚོགས་རྣམས་སྒྲིག་འཛུགས་བྱས་ཏེ་མཉམ་དུ་སློབ་སྦྱོང་དང་ངལ་རྩོལ་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བྱུང་བར་སྐུལ་འདེད་བྱེད་པའི་རྨང་གཞིའི་སྟེང་སྔར་ལས་ལྷག་པའི་སྒོ་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་པས་ཐུན་མོང་ཐོག་གོང་འཕེལ་བྱུང་བ་མངོན་འགྱུར་བྱས་ཡོད་པ་རེད།  །

  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་རྒྱལ་སྤྱིའི་ཨོ་ལིན་ཕིས་ཁིའི་ལུས་རྩལ་འགུལ་སྐྱོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་མཇལ་འཕྲད་ག
  • ལེ་ཚན་རྗེས་མ།:《ངོ་མཚར་སྟོང་ལྡན་གྱི་གེ་སར་རིག་གནས》ཞེས་པའི་དཔེ་དེབ་ངོ་སྤྲོད།
  • དོ་སྣང་ཆེ་བའི་རྩོམ།