ཀྲུང་གོ་བོད་ཀྱི་དྲ་བ། 2013-11-25
སྤྱི་ཟླ11པའི་ཚེས18ཉིན།“དགུན་དུས་བོད་ལྗོངས་ཡུལ་སྐོར། དྲོད་འཇམ་ཉི་འོད་ལོངས་སྤྱོད”ཅེས་པའི་དགུན་དུས་བོད་ལྗོངས་སུ་གནས་སྐོར་བྱེད་པའི་གནས་སྐོར་འོས་སྦྱོར་ཚོགས་འདུ་པེ་ཅིན་མི་རིགས་རིག་གནས་ཁང་དུ་སྤེལ་བ་རེད།
ཐེངས་འདིའི་འོས་སྦྱོར་ཚོགས་འདུ་ནི་བོད་རང་སྐྱོང་ལྗོངས་གནས་སྐོར་ཅུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། རང་སྐྱོང་ལྗོངས་ཀྱི་ས་ཁུལ་བདུན་གྱི་གནས་སྐོར་ཅུའུ་ཡི་འགན་ཁུར་མི་སྣ་དང་གནས་སྐོར་ཁེ་ལས་སྐོར་ཞིག་གི་འཐུས་མི། དེ་མིན་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་འཐུས་མི་བཅས་ཀྱིས་སོ་སོ་ནས་བོད་ལྗོངས་དགུན་དུས་ཀྱི་གནས་སྐོར་ཐོན་ཁུངས་དང་། འབྲེལ་ཡོད་གནས་སྐོར་ལམ་ཐིག་དང་ཐོན་རྫས། ཁེ་ཕན་སྲིད་ཇུས་སོགས་ལ་འོས་སྦྱོར་གསལ་བོ་བྱས་པ་བརྒྱུད། ལྷག་བསམ་རྣམ་དག་གིས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་བོད་ལྗོངས་དུ་ཕེབས་ཏེ་བོད་ལྗོངས་དགུན་དུས་ཀྱི་ཡིད་དབང་འཕྲོག་པའི་མཛེས་ལྗོངས་ལ་ལྟ་སྐོར་ཡོང་བར་གདན་འདྲེན་བྱས།
ཐེངས་འདིའི་ཁྱབ་བསྒྲགས་ཚོགས་འདུ་སྟེང་བོད་ལྗོངས་ཀྱི་གནས་སྐོར་འཕེལ་རྒྱས་ཀྱི་གནས་ཚུལ་དང་སྔར་ཡོད་ཀྱི་ཆ་རྐྱེན་ལེགས་པོ་མཚམས་སྦྱོར་བྱས་པ་བརྒྱུད། དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་བའི་མཚན་སྙན་རྒྱ་བསྐྱེད་དེ། དགུན་དུས་བོད་ལྗོངས་སུ་གནས་སྐོར་བྱེད་པའི་གནས་བབ་ཇེ་ལེགས་སུ་བཏང་སྟེ། ཕན་འབྲས་ལྡན་པའི་ངང་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བར་བོད་ལྗོངས་དགུན་དུས་ཀྱི་གནས་སྐོར་ཁྱབ་སྤེལ་གཏོང་རྒྱུ་ཡིན་པ་དེ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10