བོད་ལྗོངས་མེ་ཏོག་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ།

        2013-11-12

  ཞིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས།2013ལོའི་ཟླ་10པའི་ཚེས་31ཉིན་གྱི་ཆུ་ཚོད་11ལ་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཉིང་ཁྲི་ས་ཁུལ་གྱི་སྤོ་བོ་རྫོང་ནས་མེ་ཏོག་རྫོང་བར་གྱི་ཁྲབ་མེ་གཞུང་ལམ་ཐོག་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་པ་ཁྱབ་བསྒྲགས་གནང་བས།རང་རྒྱལ་གྱི་མཐའ་མཇུག་གི་རྫོང་གཅིག་པུ་སྟེ་མེ་ཏོག་རྫོང་ལ་གཞུང་ལམ་ཤར་གཏོང་ཐུབ་མེད་པའི་ལོ་རྒྱུས་མཇུག་སྒྲིལ་ཡོད།
    བོད་ཀྱི་མེ་ཏོག་གཞུང་ལམ་དེ2009ལོའི་ཟླ4པའི་ཚེས20ཉིན་དངོས་སུ་སྐྲུན་འགོ་ཚུགས་པ་དང་བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་ནས་མེ་ཏོག་རྫོང་བར་ཡིན་པ་དང་རིང་ཚད་ལ་སྤྱི་ལེ117.278ཟིན་ཡོད།རླངས་འཁོར་ཤར་གཏོང་ཐུབ་པའི་དུས་ཚོད་དེ་དེ་སྔའི་ཟླ་གསུམ་བཞི་ཡིན་པ་ནས་ད་ལྟའི་ཟླ་བ་བརྒྱད་དགུ་བར་རིང་དུ་ཕྱིན་ཡོད།
    མེ་ཏོག་གཞུང་ལམ་ཤར་གཏོང་ཐུབ་པ་དེས་མེ་ཏོག་རྫོང་དུ་གཞུང་ལམ་ཤར་གཏོང་ཐུབ་མེད་པའི་ལོ་རྒྱུས་མཇུག་སྒྲིལ་བ་དང་རང་རྒྱལ་གྱི་འགྲིམ་འགྲུལ་འཛུགས་སྐྲུན་ལོ་རྒྱུས་ཐོག་གི་སྟོང་ཆ་བསྐངས་ཤིང་དེའི་ཐོག་ནས་རྒྱལ་ཡོངས་ཀྱི་རྫོང་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་རྒྱུའི་དམིགས་ཚད་མངོན་འགྱུར་བྱུང་བ་མཚོན་ཡོད།
  • ལེ་ཚན་སྔོན་མ།: སྐབས་དགུ་པའི་བོད་བརྒྱུད་ནང་བསྟན་གྱི་མཐོ་རམས་པའི་མཚན་གནས་སྤྲོད་པའི་མཛད་སྒོ་པེ་ཅིན་དུ་འཚོགས།
  • ལེ་ཚན་རྗེས་མ།:སྐབས་གསུམ་པའི་ཀྲུང་གོ་བོད་རིག་པའི་ཇོ་མོ་གླང་མའི་བྱ་དགའ་ཁྱབ་བསྒྲགས་བྱས།
  • དོ་སྣང་ཆེ་བའི་རྩོམ།