སྐབས་གསུམ་པའི་ཀྲུང་གོ་བོད་རིག་པའི་ཇོ་མོ་གླང་མའི་བྱ་དགའ་ཁྱབ་བསྒྲགས་བྱས།

    ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས།    2013-11-13

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ཉེ་སྔོན།སྐབས་གསུམ་པའི་ཀྲུང་གོ་བོད་རིག་པའི་ཇོ་མོ་གླང་མ་བྱ་དགའི་དཔྱད་འདེམ་ཨུ་ཡོན་ལྷན་ཚོགས་ཀྱིས་ཐུན་མོང་གྲོས་ཞིབ་དང་འདེམ་ཤོག་འཕངས་པ་བརྒྱུད། དཔྱད་འདེམས་སུ་ཞུགས་པའི་གྲུབ་འབྲས་རྣམ་གྲངས་བཅུ་དགུ་ལ་སྐབས་གསུམ་པའི་ཀྲུང་གོ་བོད་རིག་པའི་ཇོ་མོ་གླང་མ་བྱ་དགའི་རྣམ་གྲངས་སྣ་ཚོགས་ཐོབ་སྟེ། དེ་དག་སོ་སོ་ནི། རྒྱ་ཡིག་ཞིབ་འཇུག་ཆེད་དཔེའི་རྣམ་གྲངས་གསུམ་དང་།བོད་ཡིག་ཞིབ་འཇུག་ཆེད་དཔེའི་རྣམ་གྲངས་གསུམ།རྒྱ་ཡིག་རིག་གཞུང་དཔྱད་རྩོམ་གྱི་རྣམ་གྲངས་གཉིས།བོད་ཡིག་རིག་གཞུང་དཔྱད་རྩོམ་གྱི་རྣམ་གྲངས་གཉིས།དབྱིན་ཡིག་གི་ཞིབ་འཇུག་གྲུབ་འབྲས་ཀྱི་རྣམ་གྲངས་བཞི།རྨང་གཞི་རྒྱུ་ཆའི་གྲུབ་འབྲས་ཀྱི་རྣམ་གྲངས་ལྔ་བཅས་རེད།དེ་མིན།དཔྱད་འདེམས་ཨུ་ཡོན་ལྷན་ཚོགས་ཀྱིས་སྐོང་མིང་འདེམ་ཤོག་འཕངས་པ་བརྒྱུད།«གསོ་རིག་རྒྱུད་བཞིའི་འགྲེལ་ཆེན»(བོད་ཡིག)ལ་སྐབས་གསུམ་པའི་ཀྲུང་གོའི་བོད་རིག་པའི་ཇོ་མོ་གླང་མ་བྱ་དགའི་ཁྱད་འཕགས་བྱ་དགའ་དང་།འབུམ་རམས་པ་རྡོ་རྗེ་སྐྱབས་སོགས་མི་གསུམ་ལ་སྐབས་གསུམ་པའི་ཀྲུང་གོའི་བོད་རིག་པའི་ཇོ་མོ་གླང་མ་བྱ་དགའི་གཟེངས་བསྟོད་བྱ་དགའ་ཐོབ།  །
  • ལེ་ཚན་སྔོན་མ།: བོད་ལྗོངས་མེ་ཏོག་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ།
  • ལེ་ཚན་རྗེས་མ།:ཀྲུང་གོའི་ཚན་རིག་གླིང་གི་མདོ་དབུས་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་བཙུགས་པ།
  • དོ་སྣང་ཆེ་བའི་རྩོམ།