སྐབས་དགུ་པའི་བོད་བརྒྱུད་ནང་བསྟན་གྱི་མཐོ་རམས་པའི་མཚན་གནས་སྤྲོད་པའི་མཛད་སྒོ་པེ་ཅིན་དུ་འཚོགས།

        2013-11-12

མི་དམངས་དྲ་བའི་འཕྲིན།ཟླ11ཚེས4ཉིན་སྐབས་དགུ་པའི་བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་མཚན་གནས་སྤྲོད་པ་དང་སྐབས་གཉིས་པའི་དཔེ་ཆའི་དགེ་རྒན་གྱི་ཐོབ་ཐང་ལག་ཁྱེར་སྤྲོད་པའི་མཛད་སྒོ་པེ་ཅིན་དགོན་སེར་རམ་ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་འཚོགས་པ་རེད།
    མཛད་སྒོའི་ཐོག་རྟགས་གསལ་གཏོང་བ་དང་ཆེད་རྩོམ་ལན་འདེབས་ནན་པོ་དང་མཐོ་རིམ་མཚན་གནས་དཔྱད་བཤེར་ཨུ་ཡོན་ལྷན་ཁང་གིས་དཔྱད་བཤེར་ནན་པོ་བྱས་པར་བརྒྱུད་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཡོན་ཀྲང་འཇམས་དབྱངས་བློ་བཟང་འགྱུར་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གིས་ནང་བསྟན་སློབ་གླིང་གི་ཚབ་ཞུས་ཏེ་དགེ་ལུགས་པ་དང་ཇོ་ནང་པའི་སློབ་མ་11ལ་མཐོ་རམས་པའི་མཐོ་རིམ་མཚན་གནས་སྤྲད་པ་དང་།རྙིང་མ་དང་།ས་སྐྱ།བོན་པོ།དགེ་ལུགས་བཅས་གྲུབ་མཐའི་བོད་བརྒྱུད་ནང་བསྟན་གྱི་དཔེ་ཆའི་དགེ་རྒན་འོས་མི19ལ་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་ཐོབ་ཐང་སྤྲད་པ་རེད།
    མཐོ་རམས་པའི་མཐོ་རིམ་མཚན་གནས་སྤྲད་པ་དེ2004ལོར་གསར་དུ་བཏོད་ཅིང་།བོད་རྒྱུད་ནང་བསྟན་ལས་རིགས་མི་སྣས་འགོ་བཙུགས་ཏེ་བོད་བརྒྱུད་ནང་བསྟན་དགོན་པའི་ནང་ཆོས་རྒྱུགས་སྤྲད་པའི་རྣམ་པ་རྒྱུན་འཛིན་བྱས་ཤིང་།དེང་རབས་ཀྱི་སློབ་གསོའི་ཐབས་ཤེས་དང་ཟུང་དུ་འབྲེལ་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ལས་རིགས་ཀྱི་བྱང་ཚད་མཐོ་བའི་གྲྭ་བཙུན་ཤེས་ལྡན་ཅན་གསོ་སྐྱོང་བྱེད་པའི་མཐོ་རིམ་མཚན་གནས་ཀྱི་སློབ་གསོའི་ལམ་ལུགས་ཤིག་རེད།མིག་སྔར་གྱི་བར་དུ།གྲྭ་བཙུན་ཁྱོན་བསྡོམས99ལ་དམིགས་བསལ་གྱི་མཚན་སྙན་དེ་ཐོབ་པ་རེད།
  • ལེ་ཚན་སྔོན་མ།:ཀྲང་ཀའོ་ལིས་ཀྱིས་ཧྲང་ཧེ་དང་ཀྲའེ་ཅང་ས་ཁུལ་དུ་རྟོག་ཞིབ་མཛད་པ།
  • ལེ་ཚན་རྗེས་མ།: བོད་ལྗོངས་མེ་ཏོག་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ།
  • དོ་སྣང་ཆེ་བའི་རྩོམ།