ཀྲང་ཀའོ་ལིས་ཀྱིས་ཧྲང་ཧེ་དང་ཀྲའེ་ཅང་ས་ཁུལ་དུ་རྟོག་ཞིབ་མཛད་པ།

        2013-11-08

ཀྲང་ཀའོ་ལིས་ཀྱིས་ཧྲང་ཧེ་དང་ཀྲའེ་ཅང་ས་ཁུལ་དུ་རྟོག་ཞིབ་མཛད་པ།


སྤྱི་ཟླ11པའི་ཚེས1ཉིན་ནས་ཚེས4ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཧྲང་ཧེ་དང་ཀྲའེ་ཅང་ས་ཁུལ་དུ་རྟོག་ཞིབ་མཛད། པར་འདི་ནི་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་ཀྲང་ཀའོ་ལིས་ཀྱིས་ཧང་ཀྲིག་ནས་འདུ་སྦྱོར་ཚན་རྩལ་ཀུང་ཟི་ལ་རྟོག་ཞིབ་མཛད་བཞིན་པའི་ཚུལ་རེད།

 ཀྲང་ཀའོ་ལིས་ཀྱིས་ཧྲང་ཧེ་དང་ཀྲའེ་ཅང་ས་ཁུལ་དུ་རྟོག་ཞིབ་མཛད་པ།
སྤྱི་ཟླ11པའི་ཚེས1ཉིན་ནས་ཚེས4ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཧྲང་ཧེ་དང་ཀྲའེ་ཅང་ས་ཁུལ་དུ་རྟོག་ཞིབ་མཛད། པར་འདི་ནི་ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན་གྱི་ཕྱི་དྲོར་ཀྲང་ཀའོ་ལིས་ཀྱིས་ཧང་ཀྲིག་ནས་དམངས་གཉེར་ཁེ་ལས་པ་ཁ་ཤས་ཀྱི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་བཞིན་པའི་ཚུལ་རེད།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ11པའི་ཚེས1ཉིན་ནས་ཚེས4ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཧྲང་ཧེ་དང་ཀྲའེ་ཅང་གཉིས་ལ་རྟོག་ཞིབ་མཛད་དེ། དཔལ་འབྱོར་འཁོར་རྒྱུག་དང་མཁར་གྲོང་འཛུགས་སྐྲུན། ཁོར་ཡུག་སྲུང་སྐྱོབ། དམངས་འཚོར་ཁག་ཐེག་བྱེད་པ་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད་དེ། རྟོག་ཞིབ་བྱེད་སྐབས། ཀྲང་ཀའོ་ལིས་ཀྱིས་ཨ་ལི་པ་པ་སྡེ་ཚོགས་དང་འདུ་སྦྱོར་ཚན་རྩལ་ཀུང་ཟི། ཁྲང་ལེན་རྒྱལ་སྤྱིའི་དངོས་སྐྱེལ་ཀུང་ཟི་སོགས་ཁེ་ལས་ལ་ཡུལ་དངོས་སུ་རྟོག་ཞིབ་བྱས་ནས། ཁེ་ལས་ཀྱི་བདག་གཉེར་གནས་ཚུལ་ལ་རྒྱུས་ལོན་བྱས། ཚེས་བཞི་ཉིན་གྱི་སྔ་དྲོར། ཀྲང་ཀའོ་ལིས་ཀྱིས་ཧྲང་ཧེ་ནས་མགོ་འཛིན་བྱས་ཏེ་ཧྲང་ཧེ་དང་ཅང་སུའུ། ཀྲའེ་ཅང་། ཨན་ཧོས། ཧུའུ་པེ་བཅས་ཞིང་ཆེན་དང་གྲོང་ཁྱེར་གྱི་འགན་ཁུར་བ་ཞུགས་པའི་དཔལ་འབྱོར་བཞུགས་མོལ་ཚོགས་འདུ་བསྡུས་ནས། སང་ལོའི་དཔལ་འབྱོར་བྱ་བའི་བསམ་འཆར་དང་གྲོས་གཞིར་ཉན་པ་དང་བསྡུ་ལེན་བྱས། རྟོག་ཞིབ་བྱེད་སྐབས། ཀྲང་ཀའོ་ལིས་ཀྱིས་ཧྲང་ཧེ་དང་ཀྲའེ་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ལས་དོན་སྣ་ཚོགས་ཐད་ནས་བླངས་པའི་གྲུབ་འབྲས་གསར་བར་ཁས་ལེན་གང་ལེགས་མཛད།

ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ད་ལོར། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་དང་ལྡན་པའི་མགོ་ཁྲིད་འོག བརྟན་འཇགས་སྒོས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཐོན་ཚད་བརྟན་འཇགས་སྒོས་འཕར་སྣོན་བྱེད་པ་དང་སྒྲིག་གཞི་ལེགས་སྒྲིག་བྱེད་པ། བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་བཅས་གཅིག་གྱུར་སྒོས་འཆར་འགོད་བྱས་ནས། རང་རྒྱལ་གྱི་དཔལ་འབྱོར་བརྟན་འཇགས་སྒོས་འཕེལ་རྒྱས་སུ་སོང་ཡོད། སྔོན་དཔག་བྱས་ན་ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་མངོན་འགྱུར་བྱེད་ཐུབ། ང་ཚོས་ཡིད་ཆེས་སྔར་ལས་བརྟན་པོ་བཅངས་ཏེ། ཕྱིན་ཆད་ཀྱི་ཟླ་གཉིས་རིང་གི་བྱ་བ་སྔར་ལས་བཟང་བོར་བསྒྲུབ་སྟེ། སང་ལོའི་བྱ་བ་མགོ་བཟང་བོ་ཞིག་ཚུགས་པར་ཁག་ཐེག་བྱེད་དགོས་ཟེར།   ། 

  • ལེ་ཚན་སྔོན་མ།:ལོ15ཡི་རིན་མེད་སློབ་གསོ་དེ་བོད་ལྗོངས་སུ་ཐོག་མར་མངོན་འགྱུར་བྱུང་བ།
  • ལེ་ཚན་རྗེས་མ།: སྐབས་དགུ་པའི་བོད་བརྒྱུད་ནང་བསྟན་གྱི་མཐོ་རམས་པའི་མཚན་གནས་སྤྲོད་པའི་མཛད་སྒོ་པེ་ཅིན་དུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།