མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-10-31
ཀྲུང་གོ་བུད་མེད་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་སྤྱི་ཟླ10བའི་ཚེས28ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བརྩམས། ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཀྲང་ཀའོ་ལེ་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཚོགས་ཆེན་ལ་ཞུགས་ནས་རྟེན་འབྲེལ་ཞུས་པ་དང་ཝང་ཆི་ཧྲན་གྱིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་རྟེན་འབྲེལ་ཞུ་བའི་ཤིས་ཚིག་ཕུལ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་བུད་མེད་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་སྤྱི་ཟླ10བའི་ཚེས28ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བརྩམས། ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཀྲང་ཀའོ་ལེ་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཚོགས་ཆེན་ལ་ཞུགས་ནས་རྟེན་འབྲེལ་ཞུས་པ་དང་ཝང་ཆི་ཧྲན་གྱིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་རྟེན་འབྲེལ་ཞུ་བའི་ཤིས་ཚིག་ཕུལ།
ཉིན་དེའི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་སོགས་ཚོགས་རར་ཕེབས་རྗེས་ཚོགས་ར་ཡོངས་སུ་ཐལ་མོ་རྡེབ་སྒྲས་ཁེངས་འདུག རྒྱལ་ཡོངས་ཀྱི་ལས་རིགས་སོ་སོ་ནས་ཡོང་བའི་ཀྲུང་གོ་བུད་མེད་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མི་སྟོང་གཅིག་དང་བཞི་བརྒྱ་ལྷག་དང་ཆེད་ཞུ་འཐུས་མི་བརྒྱ་ལྷག་ཚོགས་ཆེན་ལ་ཞུགས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཧྲིན་ཡོ་ཡོ་ཡིས་ཚོགས་ཆེན་ཚོགས་མགོ་བརྩམས་པ་ཁྱབ་སྒྲོག་བྱས།
ཚོགས་ཆེན་སྟེང་ཝང་ཆི་ཧྲན་གྱིས་ཏང་ཀྲུང་དབྱང་གི་ཚབ་བྱས་ནས་ཤིས་ཚིག་ཕུལ། ཁོང་གིས་གསུངས་རྒྱུར། བཅོས་སྒྱུར་སྒོ་འབྱེད་ཀྱི་རྗེས་སུ་ཀྲུང་གོའི་བུད་མེད་དུང་ཕྱུར་མང་བོས་ཏང་གི་ཡང་དག་མགོ་ཁྲིད་འོག རང་ཉིད་ཀྱི་ཕུགས་བསམ་དང་རེ་སྙེག་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་དང་འབྲེལ་ཏེ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་འཆམ་མཐུན་ཡོང་བར་བློ་གྲོས་དང་སྟོབས་ཤུགས་ཕུལ་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་ཁྲོད་དུ་ནུས་པ་ཆེན་པོ་བཏོན། རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལྟེ་གནས་ལ་དམིགས་ཤིང་ཁྱོན་ཡོངས་ལ་ཞབས་ཕྱི་སྒྲུབ་པ་དང་། གཞི་རིམ་ལ་རྐང་བཙུགས་ཤིང་བུད་མེད་ལ་ཞབས་ཕྱི་སྒྲུབ་ནས། རང་རྒྱལ་གྱི་བུད་མེད་ལས་དོན་གོང་འཕེལ་དུ་འགྲོ་བ་དང་ཏང་གི་སྲིད་འཛིན་པའི་གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བར་བྱས་རྗེས་མངོན་གསལ་བཞག་ཟེར།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་སུང་ཞིག་ཡན་གྱིས་ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཁ་ཡིག་ལ་དར་ཆ་མཐོན་པོར་བསྒྲེངས་ཤིང་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ། རིགས་སོ་སོ་དང་ལས་རིགས་སོ་སོའི་བུད་མེད་རྣམས་སྐུལ་སློང་བྱས་ནས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་དགོས་ཞེས་པའི་སྙན་ཞུ་ཕུལ།
ཚོགས་ཆེན་སྟེང་ཡིག་ཐོག་གི་སྙན་ཞུའི་རྣམ་པ་ལ་བརྟེན་ནས་འཐུས་མི་རྣམས་ལ་ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་དང་དེའི་གསལ་བཤད་སྤྲད།
པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། དེ་མིན་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་མགོ་ཁྲིད་བློ་མཐུན་ཁ་ཤས་ཚོགས་ཆེན་ལ་ཞུགས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10