མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་བསྡུར་སྐབས་ལྔ་བ་ཟི་ལིང་དུ་མཇུག་སྒྲིལ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2013-10-31

མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་བསྡུར་སྐབས་ལྔ་བ་ཟི་ལིང་དུ་མཇུག་སྒྲིལ།
རྡུང་ལེན་རྟིང་རྩོད་འགྲན་བསྡུར་ཡུལ་དངོས།

      དེ་ཡང་ཟླ་བ་འགར་འགྲན་ཁུལ་སོ་སོ་རུ་ཛ་དྲག་གི་འགྲན་བསྡུར་དང་ལེགས་འདེམ་བྱས་པར་བརྒྱུད། ཉེ་ལམ་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་རླུང་འཕྲིན་ཚོང་ར་རྟགས་མའི་མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་བསྡུར་སྐབས་ལྔ་བའི་རྟིང་རྩོད་འགྲན་བསྡུར་དེ་ཟི་ལིང་གྲོང་ཁྱེར་དུ་མཇུག་སྒྲིལ། འགྲན་ཁུལ་སོ་སོ་ནས་ཡོང་བའི་ཕུལ་བྱུང་རྡུང་ལེན་པ་དག་ཟི་ལིང་དུ་ལྷན་འཛོམས་སྒོས་བོད་ཀྱི་རྡུང་ལེན་སྒྱུ་རྩལ་གྱི་མཛེས་ཉམས་ཡོངས་སུ་མངོན།

མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་བསྡུར་སྐབས་ལྔ་བ་ཟི་ལིང་དུ་མཇུག་སྒྲིལ།
རྡུང་ལེན་རྟིང་རྩོད་འགྲན་བསྡུར་ཡུལ་དངོས།

      རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་རྟིང་རྩོད་འགྲན་བསྡུར་ནི་ཁྱད་དུ་འཕགས་པའི་ས་ཁོངས་རིག་གནས་དང་མི་རིགས་དམངས་ཁྲོད་རིག་གནས་དར་སྤེལ་དང་། རིག་རྩལ་མི་སྣ་གསར་བ་སྐྱེད་སྲིང་། ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་བཅས་དམིགས་སུ་བཟང་ཐོག  མཚོ་སྔོན་དང་། ཀན་སུའུ། སི་ཁྲོན་སོགས་ས་ཁུལ་གྱི་དམངས་ཁྲོད་རྡུང་ལེན་སྒྱུ་རྩལ་པའི་སྤྲོ་སེམས་བཀུག་སྟེ་འགྲན་བསྡུར་དུ་ཞུགས་ཤིང་། འགྲན་ཚན་ཧྲིལ་བོ་བདེ་བླག་ངང་སྤེལ་ཡོད། འདི་ནི་ཁྱད་ཆོས་ལྡན་ཞིང་ནང་དོན་ཟབ་མའི་རིག་གནས་ཀྱི་གཟབ་ཚོགས་ཆེན་མོ་ཞིག་ཏུ་ངེས།

མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་བསྡུར་སྐབས་ལྔ་བ་ཟི་ལིང་དུ་མཇུག་སྒྲིལ།
མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་བསྡུར་སྐབས་ལྔ་བ་ཟི་ལིང་དུ་མཇུག་སྒྲིལ།

 

  • ལེ་ཚན་སྔོན་མ།:ཀྲུང་གོ་བུད་མེད་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བར
  • ལེ་ཚན་རྗེས་མ།:གླུ་བ་བཀྲ་ཤིས་ཉི་མ་སོགས་ཀྲུང་དབྱང་བརྙན་འཕྲིན་ཁང་གི《ཀྲུང་གོའི་དམངས་གླུ》ལེ་ཚན་ཕབ་སྐྲུན་དུ་ཞུགས།
  • དོ་སྣང་ཆེ་བའི་རྩོམ།