སྐབས་བཅུ་བཞི་པའི་ནུབ་རྒྱུད་དངོས་མང་སྟོན་ཚོགས་ཁྲེང་ཏུའུ་རུ་ཚོགས་འགོ་ཚུགས།

སྐལ་ཐུབ་ཀྱིས་བསྒྱུར།        2013-10-29

ཟླ་བ10པའི་ཚེས23ཉིན་གྱི་སྔ་དྲོར། སྐབས་བཅུ་བཞི་པའི་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་དང་སྐབས་དྲུག་པའི་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཁྲེང་ཏུའུ་རུ་ཚོགས་འགོ་ཚུགས་ཤིང་། སྐབས་འདིའི་ནུབ་རྒྱུད་དངོས་མང་སྟོན་ཚོགས་དེ་རྒྱལ་ཁབ་ཀྱི་པུའུ་ཨུ16དང་ནུབ་རྒྱུད་ཀྱི་ཞིང་ཆེན(ས་ཁུལ་དང་གྲོང་ཁྱེར)12 ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་བཅས་ཀྱིས་མཉམ་གཉེར་བྱས་པ་ཡིན་ཞིང་མིག་སྔར་ནུབ་རྒྱུད་ས་ཁུལ་སྒོ་འབྱེད་དང་གསར་སྦོལ་བྱེད་པའི་གལ་ཆེའི་གནས་གཞི་དང་གཞི་སྟེགས་ཆེས་བཟང་བར་གྱུར་ཟིན་པ་རེད།
    སྐབས་འདིའི་ནུབ་རྒྱུད་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཀྱི་བརྗོད་བྱ་གཙོ་བོ་ནི་འཕེལ་རྒྱས་སྙོམས་པོ་དང་མཉམ་སྐྲུན་དར་སྤེལ་ཞེས་པ་དེ་ཡིན་ཞིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་དབྱང་དང་། ལོ་སི་ཁྲུ་ལི་ཡའི་ཙུང་ཏུའུ་པུའུ་ལེ་སི། ཁ་ན་ཏའི་ཙུང་ཏུའུ་ཡོ་ཧན་སི་ཏུན་སོགས་དབུ་ཚུགས་མཛད་སྒོར་ཞུགས་ཤིང་གསུང་བཤད་གནང་བ་རེད།
    སྐབས་བཅུ་བཞི་པའི་ནུབ་རྒྱུད་དངོས་མང་སྟོན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཏུང་མིང་གིས་ཤིས་ཚིག་ཕུལ་ཞིང་ཀྲུའུ་རེན་གཞོན་པ་ཝེ་ཧུང་གིས་ནུབ་རྒྱུད་དངོས་མང་སྟོན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་མ་ཚད་གླེང་སྟེགས་ཀྱི་གཙོ་འགན་བཞེས་པ་རེད།
    སྐབས་འདིའི་ནུབ་རྒྱུད་དངོས་མང་སྟོན་ཚོགས་ཀྱི་སྤྱིའི་བཤམས་སྟོན་རྒྱ་ཁྱོན་ནི་སྨི་གྲུ་བཞི་མ་ཁྲི18ཡིན་ཞིང་ཚོད་དཔག་བྱས་ན།ཚོགས་ཞུགས་མི་སྣ་ཁྲི6ལས་བརྒལ་ཐུབ། ནུབ་རྒྱུད་དངོས་མང་སྟོན་ཚོགས་ཀྱི་བཤམས་སྟོན་ཁང་དེ་ཚེས23ཉིན་ནས་བཟུང་སྟེ་ཉིན127བར་སྒོ་ཕྱེ་རྒྱུ་རེད།
    སྐབས་སྔོན་མ་དང་བསྡུར་ན་བཤམས་སྟོན་བྱེད་པའི་རྒྱལ་ཁབ་དང་ས་ཁུལ72ཡོད་པས17མང་དུ་ཕྱིན་པ་རེད། བཤམས་ཡུལ་གཙོ་བོར་ཁེ་ལས་ཁྱོན་བསྡོམས4000ལྷག་སྟོན་ཚོགས་སུ་ཞུགས་ཡོད། རྒྱལ་སྤྱི་ཅན་དང་འགྱུར་ཚད་འཕར་བ་དང་བཤམས་སྟོན་བྱེད་མཁན་གྱི་ཁེ་ལས་ཆེན་པོ་དང་ཚོགས་པ་ཆེན་པོ་ཇེ་མང་དུ་སོང་བ། བཤམས་ཁུལ་དུ་འགྲེམ་སྟོན་བྱེད་པར་བཟང་ས་མང་བ་བཅས་ནི་སྐབས་འདིའི་ནུབ་རྒྱུད་དངོས་མང་སྟོན་ཚོགས་ཀྱི་ཐུན་མིན་ཁྱད་ཆོས་རེད།
    ནུབ་རྒྱུད་དངོས་མང་སྟོན་ཚོགས་སྤེལ་བ་དེས་ནུབ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་ཡོང་བར་སྟོབས་ལྡན་གྱི་མ་འཇོག་སྐུལ་ཤུགས་ཤིག་སྣོན་པ་མ་ཚད་ལག་རྩལ་དང་ཤེས་ལྡན་མི་སྣ་མང་པོ་ནང་འདྲེན་བྱེད་ཐུབ་ཅིང་། ནུབ་རྒྱུད་ས་ཁུལ་གྱི་ཚོང་རྫས་ཐད་ཀར་འཛམ་གླིང་གི་ས་གནས་སོ་སོར་འཚོང་ཐུབ་པ་དང་། ནུབ་རྒྱུད་ས་ཁུལ་དང་རྒྱལ་ཕྱི་ནང་བར་སྒོ་འབྱེད་མཉམ་ལས་ཀྱི་འབྲེལ་ཟམ་ཞིག་བཙུགས་པས་ནུབ་རྒྱུད་ས་ཁུལ་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བར་བྱས་རྗེས་ཆེན་པོ་བཞག་པ་རེད།
  • ལེ་ཚན་སྔོན་མ།:ཀྲུང་གོས་གྲངས་ཉུང་མི་རིགས་ཀྱི་གློག་བརྙན་ལས་གྲྭ་སྤེལ་འགོ་བཙུགས་ཏེ་གྲངས་ཉུང་མི་རིགས་རེར་ཉུང་མཐའ་ཡང་གློ
  • ལེ་ཚན་རྗེས་མ།:སློབ་གསོ་པུས་མ་དངུལ་སྒོར་ཁྲི600བཏང་ནས་ཀན་སུའུ་གནོད་སྐྱོན་ཐེབས་ཁུལ་གྱི་སློབ་གྲྭས་དགུན་དུས་བརྒལ་བར་རོག
  • དོ་སྣང་ཆེ་བའི་རྩོམ།