ཀྲུང་གོས་གྲངས་ཉུང་མི་རིགས་ཀྱི་གློག་བརྙན་ལས་གྲྭ་སྤེལ་འགོ་བཙུགས་ཏེ་གྲངས་ཉུང་མི་རིགས་རེར་ཉུང་མཐའ་ཡང་གློག་བརྙན་རེ་པར་ལེན་རྒྱུ་རེད།

        2013-10-28

  ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཉེ་ཆར་འབྱོར་བའི་གཏམ་གསར།མི་རིགས་རིག་གནས་དར་སྤེལ་དང་། གློག་བརྙན་བྱ་གཞག་དར་རྒྱས་གཏོང་བ། མཐུན་སྒྲིལ་དང་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱིས་བརྗོད་བྱ་གཙོ་བོ་བྱས་པའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གློག་བརྙན་ལས་གྲྭ་དེ་ཉེ་ཆར་པེ་ཅིན་དུ་སྤེལ་འགོ་བཙུགས་ཡོད། ལས་གྲྭ་དེ་སྤེལ་བ་ནི་གྲངས་ཉུང་མི་རིགས་རེར་ཉུང་མཐའ་ཡང་གློག་བརྙན་རེ་པར་ལེན་བྱ་རྒྱུའི་དོན་དུ་རེད།
    ལས་གྲྭའི་འབྲེལ་ཡོད་འགན་ཁུར་པས་བཤད་དོན། གྲངས་ཉུང་མི་རིགས་བརྗོད་བྱའི་གློངག་བརྙན་པར་ལེན་བྱས་ཏེ། མི་རིགས་སོ་སོའི་དུས་ཡུན་རིང་པོའི་ལོ་རྒྱུས་དང་། ཕུན་སུམ་ཚོགས་པོའི་རིག་གནས། ཡུལ་བབ་ཉམས་འགྱུར། དངོས་ཡོད་ཀྱི་འཚོ་བ་བཅས་མཚོན་ཐུབ་པས། མི་རིགས་སོ་སོ་བར་ཕན་ཚུན་སློབ་སྦྱོང་དང་། ཕན་ཚུན་དཔེ་ལྟ་ས་དང་དགའ་སྤྲོ་བྱེད་པ། མི་རིགས་འཆམ་མཐུན་མཉམ་གནས་དང་འཆམ་མཐུན་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ལྡན་པ་རེད།
  • ལེ་ཚན་སྔོན་མ།: མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་སྒོར་དུང་ཕྱུར404བཏང་ནས་མཚོ་བོད་མཐོ་སྒང་གི་མེ་འཁོར་འབབ་ཚུགས་འཛུགས་སྐྲ
  • ལེ་ཚན་རྗེས་མ།:སྐབས་བཅུ་བཞི་པའི་ནུབ་རྒྱུད་དངོས་མང་སྟོན་ཚོགས་ཁྲེང་ཏུའུ་རུ་ཚོགས་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།