རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དགེ་རྒན་ཨོ་རྒྱན་ལ་རྒྱལ་ཡོངས་སྐབས་བཞི་བའི་ཀུན་སྤྱོད་དཔེ་ལེགས་མིང་འདོན་བྱ་དགའ་ཐོབ་པ།

བདེ་སྐྱིད་འཚོ།    མཚོ་སྔོན་གསར་འགྱུར་དྲ་བ།    2013-10-23

ཉེ་ལམ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་མཚམས་སྦྱོར་བྱས་པའི་རྒྱལ་ཡོངས་སྐབས་བཞི་བའི་ཀུན་སྤྱོད་དཔེ་ལེགས་མིང་འདོན་བྱ་དགའ་ཐོབ་མཁན—རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དགེ་རྒན་ཨོ་རྒྱན“ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱས་ནས། ཀུན་སྤྱོད་བཟང་བོས་ཀྲུང་ཧྭའི་གཟི་བརྗིད་སྐྲུན”ཞེས་པའི་རྒྱལ་ཡོངས་ཀྱི་སྐབས་བཞི་བའི་ཀུན་སྤྱོད་དཔེ་ལེགས་བྱ་དགའི་མཛད་སྒོར་ཞུགས་རྗེས་ཕྱིར་ཐོན།
ད་ལོའི་ཟླ་བཞི་བར། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་། ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་། བཅིངས་འགྲོལ་དམག་སྤྱིའི་ཆབ་སྲིད་པུའུ། རྒྱལ་ཡོངས་སྤྱིའི་བཟོ་ཚོགས། གུང་གཞོན་ཚོགས་པ་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་པུའུ་དང་ཨུ་ཡོན་ལྷན་ཁང་དྲུག་གིས་བསྒྲུབས་པའི་རྒྱལ་ཡོངས་སྐབས་བཞི་བའི་ཀུན་སྤྱོད་དཔེ་ལེགས་དཔྱད་འདེམ་གཟེངས་བསྟོད་བྱ་འགུལ་སྤེལ།
ཨོ་རྒྱན་བོད་རིགས་དགེ་རྒན་དཀྱུས་མ་ཞིག་ཡིན་པའི་ཆ་ནས། ཁོས་ཐེངས་མང་པོར་རང་གི་ཚེ་སྲོག་ལ་མ་འཛེམ་པར་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་སྲུང་སྐྱོབ་བྱས། ཉིན་ཞིག་རླངས་འཁོར་གྱི་ཆག་སྒོ་ཞིག་ལས་བྱིས་པ་ཞིག་བསྐྱབས་ནས་རང་ཉིད་ལ་རྨས་ལྗིད་མོ་ཕོག་པ་དང་། ཆུ་ལོག་གི་ཉེན་ཁ་ལས་སློབ་མ་བཞི་བསྐྱབས། ད་རུང་འགས་གཏོར་དོན་རྐྱེན་བྱུང་བའི་རླངས་འཁོར་ཞིག་ལས་རྨས་མ་བཞི་བསྐྱབས། ལོ་མང་བོའི་རིང་ལ། ཁོས་མི་བཅུ་གསུམ་བསྐྱབས་ཏེ། ཁོ་རང་ཉིད་ཀྱི་བྱ་སྤྱོད་ལས་མཚོ་སྔོན་པ་ཞིག་ཡིན་པའི་གཟི་བརྗིད་ཀྱི་སྤྱོད་ལམ་བཟང་བོས་ཀྲུང་ཧྭ་མི་རིགས་ཀྱི་གཞན་དོན་དུ་རང་སྲོག་བློས་གཏོང་ཕོད་པའི་སྙིང་སྟོབས་དང་ཀྲུང་ཧྭའི་སྲོལ་རྒྱུན་བཟང་བོ་མཚོན་པར་བྱས།

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་བོད་སྐད་གློག་བརྙན་སྒྱུར་སྒྲིག་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་བསྡུས་པ།
  • ལེ་ཚན་རྗེས་མ།:འབྲི་ཆུའི་འགག་གསུམ་ཆུ་གློག་ས་ཚུགས་ཀྱིས་གློག་འདོན་ཚད་སྟོང་ཝ་དུང་ཕྱུར7000ལས་བརྒལ།
  • དོ་སྣང་ཆེ་བའི་རྩོམ།