ད་ལོ་ནི་འབྲི་ཆུ་འགག་གསུམ་ཆུ་གློག་འདོན་ས་ཚུགས་ཀྱིས་འཕྲུལ་འཁོར་རྒྱུན་མཐུད་དུ་ཐོན་སྐྱེད་བྱས་ཏེ་གློག་འདོན་པའི་ལོ་བཅུ་ཡིན་པ་རེད། འབྲུ་ཆུ་འགག་གསུམ་ཚོགས་པས་ཟླ་བ10པའི་ཚེས19ཉིན་དྲིལ་བསྒྲགས་བྱེད་རྒྱུར། འབྲི་ཆུ་འགག་གསུམ་ཆུ་གློག་ས་ཚུགས་ཀྱིས་རིམ་བསགས་ཀྱིས་བརྩིས་ན་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་དུང་ཕྱུར7000ལས་བརྒལ་བ་རེད། ཚོད་རྩིས་བྱས་པར་གཞིགས་ན། འབྲི་ཆུ་འགག་གསུམ་ཆུ་གློག་འདོན་ས་ཚུགས་ཀྱིས་ད་ལྟར་ལོ་རེར་གློག་འདོན་ཚད་དེ་དབྱངས་གཉིས་སོལ་འགྱུར་ཏུན་ཁྲི7514དང་། དབྱངས་གཉིས་མུ་ཟི་འགྱུར་ཏུན་ཁྲི90ཉུང་དུ་བཏང་བ་དང་མཚུངས་པ་རེད། ལོ་བཅུའི་རིང་ལ་གློག་འདོན་ཚད་འདི་རྡོ་སྲོལ་ཏུན་དུང་ཕྱུར3ཉུང་དུ་བཏང་བ་དང་མཚུངས་པ་རེད།