བོད་ལྗོངས་ཀྱི་བོད་སྐད་གློག་བརྙན་སྒྱུར་སྒྲིག་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་བསྡུས་པ།

བསོད་ནམས་ལྷ་མོ།    མཚོ་སྔོན་པོ་དྲ་བ།    2013-10-23

ཟླ་བཅུ་བའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་གློག་བརྙན་ཀུང་ཟིས་གཙོ་སྒྲུབ་དང་། རང་སྐྱོང་ལྗོངས་གློག་བརྙན་ཀུང་ཟིའི་སྒྱུར་སྒྲིག་ཁང་གིས་སྒྲུབ་འགན་ཁུར་བའི་བོད་ལྗོངས་ཀྱི་བོད་སྐད་གློག་བརྙན་སྒྱུར་སྒྲིག་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་དེ་ལྷ་ས་རུ་བསྡུས་པ་རེད།

བོད་རང་སྐྱོང་ལྗོངས་གློག་བརྙན་ཀུང་ཟིའི་སྤྱི་ཁྱབ་འགན་འཛིན་པས་བཤད་རྒྱུར། བོད་ལྗོངས་ཀྱི་བོད་སྐད་གློག་བརྙན་སྒྱུར་སྒྲིག་བགྲོ་གླེང་ཚོགས་འདུ་བསྡུས་པ་ནི་ལྗོངས་ཡོངས་སུ་བོད་ཀྱི་སྐད་ཡིག་ཐད་ཤུགས་རྐྱེན་ཟབ་མོ་ཡོད་པའི་ཆེད་མཁས་པ་དང་ཤེས་ཡོན་པ་དག་གདན་འདྲེན་སྒོས་ཕན་ཚུན་བགྲོ་གླེང་དང་། གློག་བརྙན་སྒྱུར་སྒྲིག་ལག་ལེན་དང་གཞུང་ལུགས་ཞིབ་འཇུག་ཐད་ནས་གཏིང་ཟབ་པར་བགྲོ་གླེང་བྱེད་པ་དང་། དེ་དང་མཉམ་དུ་བོད་ལྗོངས་གློག་བརྙན་སྒྱུར་སྒྲིག་གི་ལས་བཟོ་བ་རྣམས་ལ་སྒྱུ་རྩལ་གྱི་མིག་རྒྱང་བསྲིང་བར་རོགས་འདེགས་དང་སྒྱུར་སྒྲིག་གསར་སྐྲུན་གྱི་བསམ་ཕྱོགས་དྲངས་ཏེ་བོད་ལྗོངས་ཀྱི་བོད་སྐད་གློག་བརྙན་སྒྱུར་སྒྲིག་བྱེད་པའི་སྒྱུ་རྩལ་ཆུ་ཚད་མཐོར་འདེགས་སུ་གཏོང་བར་བྱེད་པ་དེ་ཡིན་ཟེར།

རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་ནང་། བོད་རང་སྐྱོང་ལྗོངས་གློག་བརྙན་སྒྱུར་སྒྲིག་གིས་ལོ་རེར་གཏམ་རྒྱུད་ཀྱི་ཁག60དང་། ཚན་རིག་སློབ་གསོའི་ཁག20སྒྱུར་སྒྲིག་བྱེད་ཅིང་། གཞི་རྩའི་སྟེང་བོད་ལྗོངས་རོང་འབྲོག་མི་དམངས་ཀྱི་རིག་གནས་འཚོ་བའི་དགོས་མཁོ་བསྐངས་པ་དང་། རྒྱ་ཆེའི་རོང་འབྲོག་མི་དམངས་ཀྱིས་གློག་བརྙན་ལྟ་ཐུབ་པ་དང་། གོ་ཐུབ་པ། གློག་བརྙན་ལེགས་པོ་ལྟ་ཐུབ་པ་དང་། བོད་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་ཞིང་སྡེ་རུ་གློག་བརྙན་གཏོང་བའི་ལས་དོན་བདེ་བླག་ངང་སྤེལ་བར་བྱས་རྗེས་བཞག་པ་རེད།
 

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་དེང་རབས་མཛེས་རྩལ་འགྲེམ་སྟོན་སྤེལ་བ།
  • ལེ་ཚན་རྗེས་མ།:རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དགེ་རྒན་ཨོ་རྒྱན་ལ་རྒྱལ་ཡོངས་སྐབས་བཞི་བའི་ཀུན་སྤྱོད་དཔེ་ལེགས
  • དོ་སྣང་ཆེ་བའི་རྩོམ།