སྙན་ངག་བསྟན་བཅོས༼རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་འགྲེལ་པ་ངོ་མཚར་སྙེ་མ༽པར་བསྐྲུན་འགྲེམ་སྤེལ་བྱས་པ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2013-10-22

སྙན་ངག་བསྟན་བཅོས༼རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་འགྲེལ་པ་ངོ་མཚར་སྙེ་མ༽པར་བསྐྲུན་འགྲེམ་སྤེལ་བྱས་པ།
༼རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་འགྲེལ་པ་ངོ་མཚར་སྙེ་མ༽འགྲེམ་སྤེལ་བྱས།
  ཉེ་ཆར། ནོར་བྲང་ཨོ་རྒྱན་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་ནང་བསྟན་དང་སྙན་ངག་བསྟན་བཅོས༼ རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་འགྲེལ་པ་ངོ་མཚར་སྙེ་མ༽ཞེས་པ་དེ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམ་སྤེལ་བྱས།
  ༼རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་འགྲེལ་པ་ངོ་མཚར་སྙེ་མ༽ཞེས་པའི་ནང་ཚིག་སྦྱོར་བབ་ཆགས་ཤིང་ནང་དོན་ཆ་ཚང་བའི་སྒོ་ནས ༼སྐྱེས་རབས་དཔག་བསམ་འཁྲི་ཤིང༽ ལས་རྟོགས་དཀའ་བའི་ནང་བསྟན་གྱི་གཞུང་དང་བརྡ་རྙིང་། གཏམ་རྒྱུད། ཚིག་རྒྱན་སོགས་གསེལ་དཀྲོལ་བྱས་འདུག་ལ།  དཔེ་དེབ་འདིར་སྟོད་ཆ་དང་སྨད་ཆ་གཉིས་སུ་ཡོད་ཅིང་། དེ་ནི་སྟོན་པ་ཤཱཀྱ་མུ་ནེའི་ཚེ་གང་གི་མཛད་འཕྲིན་དང་ནང་དོན་རིག་པའི་གཞུང་ལུགས་ལ་རྒྱུས་ལོན་བྱེད་པའི་བསྟན་བཅོས་རྩ་ཆེན་ཞིག་ཏུ་ལགས་སོ། །

 
  • ལེ་ཚན་སྔོན་མ།:ལྕགས་ཟམ་རྫོང་གིས་ཀུན་བྱམས་ཁྱིམ་གཞིས་ཀྱི་རྣམ་གྲངས་མཛད་སྒོ་སྤེལ་འགོ་ཚུགས།
  • ལེ་ཚན་རྗེས་མ།:བོད་ཀྱི་སྤྲོ་གར་གློག་བརྙན༼ཨ་ཁུལ་སྟོན་པ༽ཕབ་བསྐྲུན་ལས་ཀ་མཇུག་རྫོགས།
  • དོ་སྣང་ཆེ་བའི་རྩོམ།