ལྕགས་ཟམ་རྫོང་གིས་ཀུན་བྱམས་ཁྱིམ་གཞིས་ཀྱི་རྣམ་གྲངས་མཛད་སྒོ་སྤེལ་འགོ་ཚུགས།

ཀུན་དགས་བསྒྱུར།        2013-10-22

  ཟླ་བ10པའི་ཚེས11ཉིན། ལྕགས་ཟམ་རྫོང་ལེང་ཅི་གྲོང་བརྡལ་མཐུན་སྒྲིལ་གྲོང་སྡེ་དང་ཚུ་ཉི་ཤང་ཅིང་པ་གྲོང་སྡེས་རྒྱ་གྲམ་དམར་པོའི་ཨ་རིའི་ཀུན་བྱམས་ཁྱིམ་གཞིས་ཀྱི་རྣམ་གྲངས་མཛད་སྒོ་དེ་ཚུ་ཉི་ཤང་དུ་སྤེལ་བ་རེད། ཤེས་རྟོགས་བྱུང་བར། ཀུན་བྱམས་ཁྱིམ་གཞིས་རྣམ་གྲངས་ནི་རྒྱ་གྲམ་དམར་པོ་ཚོགས་པས་དམངས་འཚོར་དོ་ཁུར་བྱེད་པའི་ལས་གྲྭའི་སྤྱི་ཕན་ཟོང་རྟགས་ཤིས་ཡིན་ལ་ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པས་ལོ་མང་པོའི་རིང་རྣམ་གྲངས་ཉམས་མྱོང་གསོག་འཇོག་བྱས་པའི་རྨང་གཞིའི་ཐོག་རྒྱལ་སྤྱིའི་རྣམ་གྲངས་ཀྱི་སྔོན་ཐོན་འདུ་ཤེས་ལ་དཔྱད་གཞིར་འཛིན་པ་དང་གྲོང་པའི་བསྡད་སྡོད་ཁུལ་དུ་ལས་དོན་བསྒྲུབ་ས་བྱས་ནས་རང་བདག་ཇུས་འགོད་དང་རང་བདག་ལག་བསྟར། རང་བདག་དོ་དམ་བྱེད་པའི་ཕྱོགས་བསྡོམས་རང་བཞིན་གྱི་འཕེལ་རྒྱས་རྣམ་གྲངས་ཞིག་ཀྱང་ཡིན། རྣམ་གྲངས་དེའི་ནང་དུ་གཙོ་བོ་རྩ་འཛུགས་འཕེལ་རྒྱས་དང་ཕྱིའི་ཆ་རྐྱེན། ནང་གི་ཆ་རྐྱེན། འཚོ་ཇུས་འཕེལ་རྒྱས་བཅས་ནང་དོན་བཞི་འདུས་པ་དང་། གྲོང་པའི་བསྡད་སྡོད་ཁུལ་དུ་རྒྱ་གྲམ་དམར་པོའི་གཞི་རིམ་རྩ་འཛུགས་དབུ་བརྙེས་པར་དམིགས་ཏེ་རྒྱ་གྲམ་དམར་པོའི་ཁྱད་ཆོས་ལྡན་པའི་འགུལ་འགོག་གནོད་སེལ་དང་འཕྲོད་བསྟེན་ཉེན་མེད་ཀྱི་ཞབས་ཞུ་ལས་ཀ་སྤེལ་བ་དང་དམངས་ཕན་སྒྲིག་ཆས་དང་འཕེལ་རྒྱས་འཚོ་ཇུས། གྲོང་པའི་རྩ་འཛུགས་ཀྱི་རང་བདག་འཕེལ་རྒྱས་ཇེ་ཆེར་བཏང་བའི་ཕྱོགས་བསྡུས་ནུས་པ་འཛུགས་སྐྲུན་བྱས་པ་རེད།
    ངོ་སྤྲོད་བྱས་པར་གཞིགས་ན། ལྕགས་ཟམ་རྫོང་ལེང་ཅི་གྲོང་བརྡལ་མཐུན་སྒྲིལ་གྲོང་སྡེ་དང་ཚུ་ཉི་ཤང་ཅིང་པ་གྲོང་སྡེའི་རྒྱ་གྲམ་དམར་པོའི་ཨ་རིའི་ཀུན་བྱམས་ཁྱིམ་གཞིས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་སྒོར་ཁྲི90ཙམ་དགོས་པ་ཡིན་ཡང་ཨ་རིའི་རྒྱ་གྲམ་དམར་པོ་ཚོགས་པས་རོགས་སྐྱོར་བྱས་པ་རེད། རྣམ་གྲངས་འདི་ལེང་ཅི་གྲོང་བརྡལ་དང་ཚུ་ཉི་ཤང་དུ་རྒྱ་གྲམ་དམར་པོའི་ཁྱད་ཆོས་ལྡན་པའི་འགུལ་འགོག་གནོད་སེལ་དང་བབ་བསྟུན་སྲོག་བཅོས། སྲོག་ཉེན་གཡོལ་ཐབས། རང་སྐྱོབ་སྐྱོབ་རེས་བཅས་ཀྱི་བྱེད་སྒོ་སྤེལ་ནས་སྔ་ལྷག་གི་མང་ཚོགས་སྲོག་ཉེར་ལས་གཡོལ་ཐབས་ཀྱི་འདུ་ཤེས་ཇེ་མཐོར་གཏོང་རྒྱུ་ཡིན་པ་རེད། ཆབས་ཅིག་ཏུ་ཡུལ་བབ་དང་བསྟུན་ནས་གནོད་འགོག་ལས་གཡོལ་ཐབས་ཀྱི་ར་བ་ཆུང་གྲས་ཁ་ཤས་གསར་འཛུགས་བྱ་རྒྱུ་དང་མ་དངུལ་སྐྱོབ་རོགས་བྱེད་ས་སྒྲིག་བཀོད། གྲོང་སྡེ་རྩ་འཛུགས་ཀྱི་ནང་རྐྱེན་ནུས་པ་ཇེ་མཐོར་གཏོང་རྒྱུ། གྲོང་སྡེའི་རྩ་འཛུགས་ཀྱི་རང་བདག་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ནུས་པ་ཇེ་མཐོར་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
  • ལེ་ཚན་སྔོན་མ།:ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་ཡིག་ཚགས་འགྲེམ་སྟོན་དེ་པེ་ཅིན་དུ་འཚོགས།
  • ལེ་ཚན་རྗེས་མ།:སྙན་ངག་བསྟན་བཅོས༼རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་འགྲེལ་པ་ངོ་མཚར་སྙེ་མ༽པར་བསྐྲུན་འགྲེམ་སྤེལ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།