ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་ཡིག་ཚགས་འགྲེམ་སྟོན་དེ་པེ་ཅིན་དུ་འཚོགས།

མིག་དམར་གྱིས་བསྒྱུར།        2013-10-22

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ10པའི་ཚེས9ཉིན་འབྱོར་བའི་གཏམ་གསར། ཡིག་ཚགས་ཀྱི་ཤོག་ལྷེ་རེ་རེར་ཀྲུང་གོ་གུང་ཁྲན་ཏང་མིས་མཐའ་དག་མང་ཚོགས་ཀྱི་ཆེད་དུ་བྱ་བ་སྒྲུབ་པ་དང་། མཐའ་དག་མང་ཚོགས་ལ་བརྟེན་པའི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ལམ་བུ་བཀོད་ཡོད། གྲོས་ཆོད་རེ་རེར་ཀྲུང་གོ་གུང་ཁྲན་ཏང་མིས་མང་ཚོགས་ལས་ཀར་དཀའ་སྡུག་གིས་འཚོལ་ཞིབ་བྱེད་པར་འགོད་ཡོད། འདྲ་པར་རེརེར་ཀྲུང་གོ་གུང་ཁྲན་ཏང་མི་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་གི་འབྲེལ་བ་ཐོ་འགོད་བྱས་ཡོད་པ་རེད།
    ཚེས9ཉིན། ཀྲུང་དབྱང་ཡིག་ཚགས་ཁང་དང་པེ་ཅིན་གྲོང་ཁྱེར་གྲོང་ཁུལ་ནུབ་པའི་ཆུས་ཨུས་མཉམ་འབྲེལ་བྱས་ཏེ་གཙོ་གཉེར་བྱེད་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་ཡིག་ཚགས་འགྲེམ་སྟོན་དེ་པེ་ཅིན་དུས་རབས་གླེང་སྟེགས་སུ་འཚོགས་པ་རེད། འགྲེམ་སྟོན་གྱི་ནང་དོན་དུ་ཀྲུང་གོ་གུང་ཁྲན་ཏང་གི་གསར་འཛུགས་དང་ས་ཞིང་གསར་བརྗེ། འཇར་འགོག་དམག་འཁྲུག བཅིངས་འགྲོལ་དམག་འཁྲུག སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱེད་རིམ། ཁྱོན་ཡོངས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་རིམ་སོགས་ལོ་རྒྱུས་ཀྱི་དུས་རིམ་མང་པོ་ཞིག་གཏོགས་ཡོད་པ་རེད། ཡིག་རིས་སྦྲགས་མའི་སྒོ་ནས་མང་ཚོགས་ལམ་ཕྱོགས་ཐོན་པ་དང་འཕེལ་རྒྱས། རིག་གཞུང་མ་ལག་ཏུ་གྲུབ་པའི་བརྒྱུད་རིམ་ཧྲིལ་པོ་དང་མང་ཚོགས་ལམ་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་ནས་ཐོབ་པའི་ལོ་རྒྱུས་ཀྱི་གྲུབ་འབྲས་ཆེན་པོ་ཞིག་འགྲེམ་སྟོན་བྱས་ཡོད། འགྲེམ་སྟོན་ཁང་དུ་འགྲོ་བའི་ལྟ་སྐོར་བ་ཚང་མས་ཆ་ཚང་བ་དང་སེམས་འགུལ་ཐེབས་པའི་སྒོས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱིས་སློབ་གསོ་བྱེད་པར་མྱོང་ཚོར་ཟབ་མོ་ཞིག་ཚོར་སྣང་བྱེད་ཐུབ་རྒྱུ་རེད།
    ཀྲུང་དབྱང་ཡིག་ཚགས་ཁང་གི་འབྲེལ་ཡོད་འགན་ཁུར་པས་ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་འགྲེམ་སྟོན་བྱེད་པ་ནི་ཀྲུང་དབྱང་ཡིག་ཚགས་ཁང་གི་ལས་དོན་མི་སྣས་འབོར་ཆེན་བའི་ཡིག་ཚགས་རྒྱུ་ཆའི་ནང་རིན་ཐང་ཆེ་བའི་ལོ་རྒྱུས་ཀྱི་ཡིག་ཚགས་དང་པར་རིས300ལྷག་དྲག་འདེམས་བྱས་ཤིང་། སྔོན་ཐོན་གྱི་ཚན་རྩལ་སྤྱད་དེ་བདེན་པ་འདྲ་བཟོ་བྱས་ནས་བསྟན་པ་རེད། རིན་ཐང་ཆེ་བའི་རྒྱུ་ཆ300ལྷག་ལ་ཀྲུང་གོ་གུང་ཁྲན་ཏང་གི་ལོ90ལྷག་རིང་གི་ཁྱད་འཕགས་ཀྱི་ལོ་ཟླར་སྙིགས་དོར་བཅུད་ལེན་བྱས་པ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་འགྲེམ་སྟོན་བྱེད་པ་ནི་མིག་སྔར་སྤེལ་འི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་འབྲེལ་ནས་གཉེར་བ་ཞིག་རེད། འགྲེམ་སྟོན་དེ་ཟླ་བ10པའི་ཚེས17ཉིན་མཇུག་སྒྲིལ་རྒྱུ་རེད།
  • ལེ་ཚན་སྔོན་མ།:བོད་ལྗོངས་ཉིང་ཁྲིའི་ཡར་ཀླུང་གཙང་བོའི་རོང་ཆེན་རིག་གནས་གནས་སྐོར་དུས་ཆེན་སྐབས་དགུ་བ་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:ལྕགས་ཟམ་རྫོང་གིས་ཀུན་བྱམས་ཁྱིམ་གཞིས་ཀྱི་རྣམ་གྲངས་མཛད་སྒོ་སྤེལ་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།