བོད་ལྗོངས་ཉིང་ཁྲིའི་ཡར་ཀླུང་གཙང་བོའི་རོང་ཆེན་རིག་གནས་གནས་སྐོར་དུས་ཆེན་སྐབས་དགུ་བ་འགོ་ཚུགས་པ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2013-10-22

བོད་ལྗོངས་ཉིང་ཁྲིའི་ཡར་ཀླུང་གཙང་བོའི་རོང་ཆེན་རིག་གནས་གནས་སྐོར་དུས་ཆེན་སྐབས་དགུ་བ་འགོ་ཚུགས་པ།
 

བོད་ལྗོངས་ཉིང་ཁྲིའི་ཡར་ཀླུང་གཙང་བོའི་རོང་ཆེན་རིག་གནས་གནས་སྐོར་དུས་ཆེན་སྐབས་དགུ་བ་འགོ་ཚུགས་པ།

  ཟླ10བའི18ཉིན། བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་གཉུག་མའི་གླུ་བྲོའི་ཟློས་གར《ཤམ་བྷ་ལ་འཚོལ་བ》ཞེས་པ་དེ་ཉིང་ཁྲི་ས་ཁུལ་བརྒྱད་གཅིག་གྲོང་རྡལ་དུ་འགོ་བརྩམས་པ་དང་སྦྲགས། བོད་ལྗོངས་ཉིང་ཁྲིའི་སྐབས་དགུ་བའི་ཡར་ཀླུང་གཙང་བོའི་རོང་ཆེན་རིག་གནས་གནས་སྐོར་དུས་ཆེན་དེ་དངོས་སུ་འགོ་བརྩམས་པ་རེད། 
  རྒྱུས་ལོན་པ་ལྟར་ན་བོད་ལྗོངས་ཉིང་ཁྲིའི་ཡང་ཀླུང་གཙང་པོའི་རོང་ཆེན་རིག་གནས་གནས་སྐོར་དུས་ཆེན་སྐབས་དགུ་བའི་སྐབས་སུ་ཀླུ་ནང་བསྐོར་བའི་ལྕགས་རྟའི་འགྲན་རྒྱུག་སྐབས་གསུམ་པ་དང་། མེ་ཏོག་རྫོང་གི་རྐང་ཐང་ལ་བསྐྱོད་པའི་རིག་གནས་གནས་སྐོར་དུས་ཆེན། ལྐོག་གྱུར་གྱི་ཉིང་ཁྲི་ཞེས་པའི་བརྙན་རིས་འགྲན་སྡུར། ཚོང་ཟོག་འགྲེམ་འཚོང་འདུ་ཚོགས་སོགས་བྱ་འགུལ་ཕུན་སུམ་ཚོགས་པ་སྤེལ་རྒྱུ་རེད།

  • ལེ་ཚན་སྔོན་མ།:ལོ་ངོ་སྟོང་ཕྲག་གི་བྲོ་གར་སྤོ་བོའི་བྲོ་གར་སླར་གསོ་བྱུང་བ།
  • ལེ་ཚན་རྗེས་མ།:ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་ཡིག་ཚགས་འགྲེམ་སྟོན་དེ་པེ་ཅིན་དུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།