ལོ་ངོ་སྟོང་ཕྲག་གི་བྲོ་གར་སྤོ་བོའི་བྲོ་གར་སླར་གསོ་བྱུང་བ།

    ཀྲུང་གོའི་གསར་འགྱུར་དྲ་བ།     2013-10-22

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤོ་བོའི་བྲོ་གར་ནི་སྤོ་བོ་ཡུལ་དུ་གནའ་སྔ་མོའི་སྐབས་ནས་དར་བའི་བྲོ་གར་ཞིག་སྟེ། ས་ཆུ་མེ་རླུང་སོགས་རང་བྱུང་གི་འབྱུང་བ་དང་དམངས་ཁྲོད་ཀྱི་བརྩེ་བ་དང་བདེ་སྐྱིད་མཚོན་པ་ཞིག་རེད། བོད་ལྗོངས་ཉང་ཁྲི་ས་ཆའི་སྤོ་བོའི་བྲོ་གར་ནི། 2007ལོར་བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་སུ་ཚུད་པ་དང་། ད་ལྟའི་བར་དུ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པར་བྲོ་གར་རྒྱུད་འཛིན་པ་བསོད་ནམས་དབང་ཕྱུག་ལགས་ཀྱིས་བཤད།

ཟླ10བའི་ཚེས16ཉིན། ཉིང་ཁྲིའི་སྐབས་བརྒྱད་པའི་ཡར་ཀླུང་གཙང་པོའི་གཅོང་རོང་ཆེན་མོའི་རིག་གནས་ཡུལ་སྐོར་དུས་ཆེན་སྤོ་བོ་ས་ཆ་ནས་མཛད་སྒོ་ཕྱེས། རྫོང་འདིའི་དམངས་ཁྲོད་སྒྱུ་རྩལ་བའི་གནའ་གླུ་འཁྲབ་སྟོན་དང་། ལོ་ངོ་སྟོང་ཕྲག་དུ་མའི་བོད་རྒྱལ་གཉའ་ཁྲིའི་ལུང་བ་ནི་ཐེངས་འདིའི་འཁྲབ་སྟོན་བྱེད་སའི་ལྟེ་བར་གྱུར།

བོད་ལྗོངས་ཤར་ལྷོའི་ས་ཆ་སྤོ་བོ་ཟེར་བ་ནི་བོད་སྐད་ཀྱི་མེས་པོའི་དོན་མཚོན་ཞིང་། འདི་རུ་བོད་དང་རྒྱ། ལྷོ་བ། མོན་པ་སོགས་འདུས་སྡོད་བྱེད་ལ། ཁོང་ཚོས་ལྗང་མདོག་གི་རི་ཆུ་བྲག་ནག་འཛོམས་ས་འདིར་སྤོ་བྲོ་ཞེས་པ་ཕ་མེས་ནས་བརྒྱུད་པའི་གཏམ་དུ་གྲགས།

ལོ་ངོ་སྟོང་ཕྲག་གི་སྔོན་ལ་རྫོང་འདིར་ཁ་བ་ལྷ་ཁང་ཞེས་པའི་དགོན་པ་ཞིག་བསྐྲུན་ལ། ས་གནས་མི་རྣམས་ཀྱིས་རང་ཉིད་ཀྱི་བློ་གྲོས་རྩལ་ལས་གླུ་གཞས་དང་ཞབས་བྲོ་འདི་བརྩམས་ཤིང་དགོན་པ་འདི་ལེགས་གྲུབ་བྱུང་བར་སྨོན། དེ་ལྟར་སྤོ་བོའི་བྲོ་གར་ཞེས་པ་འདི་བྱུང་བ་རེད།

བསོད་ནམས་དབང་ཕྱུག་གིས་བཤད་རྒྱུར། སྔོན་མ་ཡིན་ན་སྤོ་བྲོ་ནི་ལོ་གཅིག་ལ་ཐེངས་གཉིས་ལ་མ་གཏོགས་འཆམ་སྲོལ་མེད། ཐེངས་གཅིག་བོད་ལོའི་ལོ་གསར་ཚེས་གསུམ་ལ་འཆམ་པ་དང། ཐེངས་གཅིག་ནི་དགོན་པའི་ཆོས་ལུགས་གི་ཆོ་ག་སྤེལ་དུས་རེད། འདི་ལྟར་ཉིན་དང་པོའི་ཆེས་ཐོག་མའི་བྲོ་གར་ནི་བྲོ་ལྷ་གསོལ་དགོས་པ་དང་། ཆེས་མཐའ་མཇུག་དུ་བཀྲ་ཤིས་ཤོག་ཟེར་བ་འཆམ་སྟེ་གོ་རིམ་ལྡན་པ་དང་རྒྱུན་སྲོལ་ལྡན་པ་ཞིག་ཡིན། ཞེས་བཤད།

ཉིན་གཉིས་ཀྱི་རིང་ལ་སྤོ་བོའི་མཁའ་དབྱིངས་ནི་ཆར་སྤྲིན་འཁོལ་བ་དང་སྦྲང་ཆར་ཟིམ་ཟིམ་དུ་འབབ་བཞིན་འདུག བོད་གདོད་མའི་བྲོ་གར་འདི་འཁྲབ་ཞིང་། རྒྱན་འཆོར་སྤྲས་པའི་ཕོ་མོ་རྒན་གཞོན་ཚང་མའི་ལག་གདེང་སྦྲེལ་སྟེ་རིག་གནས་ཐང་ཆེན་དུ་རྩེད་འཇོར་རོལ་འདུག ཀོང་ཏུང་ནས་སླེབས་པའི་སྐུ་མགྲོན་གྱིས། བོད་ལྗོངས་ཀྱི་དམངས་ཁྲོད་བྲོ་གར་དང་རྒྱན་གོས་ཀྱིས་མིག་དབང་འཕྲོག་ལ། གནའ་བོའི་བྲོ་གར་འདིས་ཁོ་རང་སྤྲོ་སེམས་འཕེལ་བར་བྱས། ཞེས་བཤད་བྱུང་།

ས་གནས་སྲིད་གཞུང་གིས་སྤོ་བོའི་བྲོ་གར་འདི་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བར་སྒྱུ་རྩལ་གྱི་རྣམ་པས་ལོ་རེར་སྤོ་བོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་འགྲན་བསྡུར་གྱིས་ཤང་ཁག་སོ་སོར་འཁྲབ་སྟོན་བྱེད་པ་སྟེ། རོང་འབྲོག་མི་དམངས་ཀྱི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་ལ་དགའ་ཞེན་མཐོར་འདེགས་དང་གནའ་བོའི་བྲོ་གར་འདི་རྒྱུན་འཛིན་སྔར་ལས་ལྷག་པར་འཕེལ་རྒྱས་འགྲོ་བཞིན་འདུག

ཉེ་རབས་སུ་སྤོ་བོའི་བྲོ་གར་སླར་གསོ་བྱུང་བ་དང་། ཐེངས་རེར་མཇལ་བའི་མི་ཚང་མས་ཡིད་སེམས་མ་མགུ་བར། དོན་སྙིང་ནི་ཞིང་ཕྱུགས་གོང་འཕེལ། ལོ་ལེགས་རྟེན་འབྲེལ། འཚོ་བ་ཡར་རྒྱས། སྤྱི་ཚོགས་འཆམ་མཐུན་སོགས་མཚོན་བཞིན་འདུག

བསོད་ནམས་དབང་ཕྱུག་གིས་བཤད་རྒྱུར། སྤོ་བོའི་བྲོ་གར་ནི་བོད་ལྗོངས་ཀྱི་ཐུན་མིན་བྲོ་གར་ཞིག་ཡིན་ཞིང། ས་གནས་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་ཀྱིས་རྩ་འཛུགས་དང་རམ་འདེགས་བྱས་པ་རེད་ཅེས་བཤད་བྱུང་།  ། 

  • ལེ་ཚན་སྔོན་མ།:སྐབས་བདུན་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་དུ་ཁམས་པའི་རྒྱན་གོས་འགྲེམ་སྟོན་བྱས།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཉིང་ཁྲིའི་ཡར་ཀླུང་གཙང་བོའི་རོང་ཆེན་རིག་གནས་གནས་སྐོར་དུས་ཆེན་སྐབས་དགུ་བ་འགོ་ཚུགས་པ།
  • དོ་སྣང་ཆེ་བའི་རྩོམ།