བོད་ཀྱི་སྤྲོ་གར་གློག་བརྙན༼ཨ་ཁུལ་སྟོན་པ༽ཕབ་བསྐྲུན་ལས་ཀ་མཇུག་རྫོགས།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2013-10-22

བོད་ཀྱི་སྤྲོ་གར་གློག་བརྙན༼ཨ་ཁུལ་སྟོན་པ༽ཕབ་བསྐྲུན་ལས་ཀ་མཇུག་རྫོགས།
གློག་བརྙན ༼ ཨ་ཁུ་སྟོན་པ ༽ ཞེས་པའི་ཁྱབ་སྒྲོག་པར་རིས།
  ཉེ་ཆར། མཆོད་རྟེན་གློག་བརྙན་འཕྲིན་ཀུང་ཟིའི་ན་གཞོན་འཁྲབ་ཁྲིད་པ་ཀླུ་རྒྱལ་གྱིས་འཁྲབ་ཁྲིད་དང་འཁྲབ་སྟོན་བྱས་པའི་བོད་ཀྱི་སྤྲོ་གར་གློག་བརྙན༼ཨ་ཁུལ་སྟོན་པ༽ཞེས་པ་ཕབ་བསྐྲུན་བྱས་ཚར་ནས་ལོ་གསར་བའི་རྟེན་འབྲེལ་ཞུ་བའི་གློག་བརྙན་དུ་བྱེད་རྒྱུ་རེད། 
  འཁྲབ་ཁྲིད་པ་ཀླུ་རྒྱལ་ལགས་ནི་མཚོ་སྔོན་ཡ་རྫི་རུ་སྐྱེས་ཤིང་། པེ་ཅིང་གློག་བརྙན་སློབ་གླིང་གི་འཁྲབ་ཁྲིད་པའི་སྡེ་ཁག་ནས་མཐར་ཕྱིན།ཁོང་གིས་གློག་བརྙན༼ལུས་སེམས་འགུལ་བའི་མཚར་གཏམ༽དང༼ཉེས་དམིགས༽།༼རླུང་ཁའི་མར་མེ༽སོགས་གློག་བརྙན་མང་པོ་འཁྲབ་ཁྲིད་བྱས་ནས་རྒྱལ་ནང་གི་གློག་བརྙན་དུས་ཆེན་སྟེང་བྱ་དགའ་ཐེངས་དུ་མར་ཐོབ་ལ།རྒྱ་ཆེའི་གཟིགས་མོ་བ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ། ༼ཨ་ཁུལ་སྟོན་པའི་གཏམ་རྒྱུད༽ནི་མདོ་དབུས་ཁམས་གསུམ་གྱི་བོད་དམངས་ཡོངས་ཀྱི་ཤེས་པའི་བག་ལ་ཉལ་ཞིང་ཀུན་གྱིས་དགའ་ཞེན་ཚད་མེད་འབུལ་བའི་གཏམ་རྒྱུད་གྲགས་ཅན་ཞིག་ཡིན་ཞིང་། མི་རབས་དུ་མའི་གསར་གཏོད་ཀྱི་བློ་གྲོས་དང་རྒྱུད་འཛིན་གྱི་སྤོབས་པར་བརྟེན་ནས་གཏམ་རྒྱུད་ཀྱི་ནང་དོན་ཕུན་སུམ་ཚོགས་པར་བསྐྲུན་ཐོག བོད་དམངས་ཀྱི་འཚོ་བའི་ཁྲོད་ཁེབས་རྒྱ་ཡངས་ཤིང་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་ཞིག་ཆགས་འདུག་པ་རེད། 

 
  • ལེ་ཚན་སྔོན་མ།:སྙན་ངག་བསྟན་བཅོས༼རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་འགྲེལ་པ་ངོ་མཚར་སྙེ་མ༽པར་བསྐྲུན་འགྲེམ་སྤེལ་བྱས་པ།
  • ལེ་ཚན་རྗེས་མ།:མཚོ་སྔོན་གྱི་རོང་འབྲོག་ཁུལ་མང་ཚོགས་ཁྲི188ལྷག་ལ་སྡོད་ཁང་འཛུགས་སྐྲུན་ལས་ཕན་ཁེ་ཐོབ་པ།
  • དོ་སྣང་ཆེ་བའི་རྩོམ།