བོད་ལྗོངས་སློབ་ཆེན་གྱིས་ཕྱི་འགྲིམ་སློབ་མ500ལྷག་སྐྱེད་སྲིང་བྱས་ནས་བོད་ཀྱི་རིག་གནས་སྦྱངས་པ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2013-10-16

བོད་ལྗོངས་སློབ་ཆེན་གྱིས་ཕྱི་འགྲིམ་སློབ་མ500ལྷག་སྐྱེད་སྲིང་བྱས་ནས་བོད་ཀྱི་རིག་གནས་སྦྱངས་པ།
བོད་ལྗོངས་སློབ་ཆེན་དུ2013ལོའི་ཕྱི་འགྲིམ་སློབ་མའི་སློབ་ཚུགས་མཛད་སྒོ་བསྡུས་པ།

 
  ཟླ10པའི་ཚེས11ཉིན། བོད་ལྗོངས་སློབ་ཆེན་གྱིས2013ལོའི་ཕྱི་འགྲིམ་སློབ་མའི་སློབ་ཚུགས་མཛད་སྒོ་བསྡུས་ནས། ཨ་རི་དང་འཇར་པན། དབྱིན་ཇི་སོགས་རྒྱལ་ཁབ24ནས་ཡོང་བའི་ཕྱི་འགྲིམ་སློབ་མ་རྣམས་བསུས་ཤིང་། སློབ་མ་འདི་དག་གིས་ལོ་གཉིས་ཀྱི་རིང་ལ་བོད་ལྗོངས་སློབ་ཆེན་དུ་བོད་ཀྱི་སྐད་བརྡ་དང་རིག་གནས་ལ་སློབ་སྦྱོང་བྱ་རྒྱུ་རེད། 
བོད་ལྗོངས་སློབ་ཆེན་གྱིས་ཕྱི་འགྲིམ་སློབ་མ500ལྷག་སྐྱེད་སྲིང་བྱས་ནས་བོད་ཀྱི་རིག་གནས་སྦྱངས་པ།
1993ལོ་ནས་ད་ལྟའི་བར་བོད་ལྗོངས་སློབ་ཆེན་དུ་ཕྱི་འགྲིམ་སློབ་མ500ལྷག་གིས་བོད་ཀྱི་རིག་གནས་སྦྱངས་པ།
  རྒྱུས་ལོན་པ་ལྟར་ན་བོད་ལྗོངས་སློབ་ཆེན་གྱིས1993ལོར་ཕྱི་འགྲིམ་སློབ་མའི་སློབ་གླིང་བཙུགས་པ་ནས་བཟུང་། བོད་ཀྱི་སྐད་བརྡའི་ཐད་ཀྱི་སློབ་ཁྲིད་བྱས་པ་དང་ཆབས་ཅིག བོད་ཀྱི་རོལ་དབྱངས། མཛེས་རིས། ཡིག་གཟུགས་སོགས་ཀྱི་རིག་གནས་བསླབ་ཚན་བསྒྲིགས་པ་རེད། འཛམ་གླིང་གི་ཡུལ་གྲུ་སོ་སོ་ནས་ཡོང་བའི་ཕྱི་འགྲིམ་སློབ་མ་རྣམས་ཀྱིས་རིག་གནས་མཛེས་ལྗོངས་ལ་ལྟ་སྐོར་དང་འཆད་ཁྲིད། ཐང་གའི་འབྲི་བཞེངས་སོགས་ལག་ལེན་བསླབ་ཚན་བརྒྱུད་ནས་བོད་ཀྱི་རིག་གནས་ལ་སློབ་སྦྱོང་བྱེད་ཐུབ་ཅིང་། 1993ལོ་ནས་བཟུང་ད་ལྟའི་བར་ཡོ་རོབ་གླིང་དང་རྒྱ་མཚོ་ཆེན་པོའི་གླིང་ཆེན། ཡ་གླིང་། ཧྥེ་གླིང་སོགས་ཀྱི་ཕྱི་འགྲིམ་སློབ་མ500ལྷག་བོད་ལྗོངས་སློབ་ཆེན་དུ་ཡོང་ནས་སློབ་སྦྱོང་བྱས་ལ། ཁོང་ཚོས་བོད་ཀྱི་རིག་གནས་ཁྱབ་བརྡལ་དུ་གཏོང་བར་ནུས་པ་གལ་ཆེན་བཏོན་པ་རེད། 
  • ལེ་ཚན་སྔོན་མ།: ཞི་ཅིན་ཕིང་གིས་ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པར་གལ་ཆེན་གྱི་མཛུབ་སྟོན་གནང་།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་ཞེས་པའི་རིག་གཞུང་གྲོས་ཚོགས་བསྡུས།
  • དོ་སྣང་ཆེ་བའི་རྩོམ།