བོད་ལྗོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་ཞེས་པའི་རིག་གཞུང་གྲོས་ཚོགས་བསྡུས།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2013-10-16

བོད་ལྗོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་ཞེས་པའི་རིག་གཞུང་གྲོས་ཚོགས་བསྡུས།
 
བོད་ལྗོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་ཞེས་པའི་རིག་གཞུང་གྲོས་ཚོགས་བསྡུས་པ།
  ཟླ10པའི་ཚེས13ཉིན། བོད་ལྗོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་ཞེས་པའི་རིག་གཞུང་གྲོས་ཚོགས་དེ་ཧྲན་ཞི་ཞན་དབྱང་གི་བོད་ལྗོངས་མི་རིགས་སློབ་གླིང་དུ་བསྡུས་པ་རེད། རྒྱལ་ཁབ་ཀྱི་མི་རིགས་ཆོས་ལུགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་སློབ་གསོ་དང་ཚན་རིག་གླིང་དང་། བོད་ལྗོངས་ཏང་གི་སློབ་གྲྭ། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས། ཀྲུང་ཧྲན་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན་སོགས་ནས་ཡོང་བའི་ཆེད་མཁས50ལྷག་གྲོས་ཚོགས་ལ་ཞུགས་པ་རེད། 
  བོད་ལྗོངས་མི་རིགས་སློབ་གླིང་གི་གླིང་གཙོ་བློ་བཟང་བདེ་ཆེན་ལགས་ཀྱིས་ཤིས་ཚིག་ཕུལ་ཞིང་། ཁོང་གིས་བཤད་རྒྱུར། བོད་ལྗོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་ཞེས་པའི་རིག་གཞུང་གྲོས་ཚོགས་ནི་བོད་ལྗོངས་མི་རིགས་སློབ་གླིང་གིས་ཇུས་འགོད་དང་རྩ་འཛུགས་བྱས་པའི་མཐོ་རིམ་རིག་གཞུང་གྲོས་ཚོགས་ཤིག་ཡིན་པར་མ་ཟད། སློབ་གྲྭ་འདི་ག་བསྐྲུན་ནས་ལོ་འཁོར55ལོན་པའི་དགའ་སྟོན་གྱི་མུ་འབྲེལ་བྱ་འགུལ་གྱི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན་པ་རེད་ཅེས་བརྗོད་པ་རེད། 
  གྲོས་ཞིབ་ཚོགས་འདུའི་སྟེང་སློབ་གྲྭའི་ཕྱི་ནང་གི་ཆེད་མཁས་རྣམས་ཀྱིས་བོད་ལྗོངས་ཀྱི་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས། སྤྱི་ཚོགས་ཀྱི་གནད་དོན་སོགས་ལ་གྲོས་ཞིབ་དང་བགྲོ་གླེང་རྒྱ་ཆེན་པོ་གནང་ཞིང་། འཛུགས་སྐྲུན་རང་བཞིན་དང་རིག་གཞུང་རང་བཞིན་གྱི་ལྟ་བ་གནད་དུ་འཐིངས་པ་བཏོན་པ་རེད། 
  • ལེ་ཚན་སྔོན་མ།:བོད་ལྗོངས་སློབ་ཆེན་གྱིས་ཕྱི་འགྲིམ་སློབ་མ500ལྷག་སྐྱེད་སྲིང་བྱས་ནས་བོད་ཀྱི་རིག་གནས་སྦྱངས་པ།
  • ལེ་ཚན་རྗེས་མ།:ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་དེ་བསང་ཆུའི་བསང་ཁོག་རྩྭ་ཐང་དུ་སྤོར་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།