མཚོ་སྔོན་གྱི་དམག་མི་གསར་བ་ཉིས་བརྒྱ་དང་བདུན་ཅུ་མཐའ་མཚམས་ས་ཁུལ་དུ་བསྐྱོད་པ།

        2013-09-17

ཟླ་དགུ་བའི་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོའི་དུས་ཚོད་བརྒྱད་དང་སྐར་མ་བཞི་བཅུའི་སྟེང་། མཚོ་སྔོན་གྱི་དམག་མི་གསར་བར་སྐྱེལ་མ་བསུ་བའི་མཛད་སྒོ་དེ་ཟི་ལིང་མེ་འཁོར་ས་ཚིགས་ནུབ་མའི་ཐང་ཆེན་དུ་གཟབ་རྒྱས་ངང་བསྡུས། ཞིང་ཆེན་དམག་ཁུལ་གྱི་བཀའ་འཛིན་པ་གཞོན་པ་ངག་དབང་བསོད་ནམས་སྐྱེལ་མ་ཞུ་བའི་མཛད་སྒོར་ཞུགས་ཏེ་གཏམ་བཤད།

ངག་དབང་བསོད་ནམས་ཀྱིས་གཏམ་བཤད་སྐབས། ཁྱེད་ཚོ་ནི་ཕུལ་བྱུང་ན་གཞོན་ཡིན་པའི་ངོས་ནས་དམག་ནང་དུ་ཞུགས་པ་དང་། དུས་འདི་ནས་བཟུང་སྟེ། ཁྱེད་ཚོ་ལམ་གསར་བ་ཞིག་ལ་ཞུགས་ཏེ། སྤྱིར་བཏང་མིན་པའི་འགན་འཁྲི་ཁུར་དུ་ལེན་རྒྱུ་ཡིན་པས། དེ་ནི་དམག་སྐུལ་དང་བླངས་ན་གཞོན་དང་ཁྱིམ་མི་རེ་རེའི་གཟི་བརྗིད་དང་། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་གཞི་བརྗིད་ཡིན་ལ། ཁྱེད་ཚོ་རང་ཉིད་མི་ཚེའི་ཁྲོད་ཀྱི་གཟི་བརྗིད་ཞིག་ཀྱང་རེད། ཁྱེད་ཚོས་དམག་སྒར་དུ་ལུས་སྟོབས་དང་བློ་སྤོབས་སྦྱོང་བརྡར་བྱེད་དགོས། དམག་དཔུང་ནི་ཁྱེད་ཚོའི་ཕུགས་བསམ་མངོན་འགྱུར་དང་ནུས་པ་ངོམ་སའི་སྟེགས་བུ་ལྟ་བུ་ཡིན་པས། ཕུགས་བསམ་ལྡན་པའི་ན་གཞོན་རྣམ་པས་འགན་འཁྲི་དང་ལེན་དང་། མངག་བཅོལ་སྟོང་ཟད་དུ་མི་གཏོང་བར། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཁྲོད་དུ་རང་ཉིད་ཀྱི་མི་ཚེའི་རིན་ཐང་ངོམ་པ་དང་། རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་བྱས་ཏེ། རང་རེའི་རྒྱལ་ཁབ་སྟོབས་འབྱོར་དང་དམག་སྟོབས་ལྡན་དུ་གཏོང་བའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་ཤུགས་འདོན་པར་ཡིད་ཆེས་ཡོད་ཟེར།

དམག་མི་གསར་བ་ཉིས་བརྒྱ་དང་བདུན་ཅུ་ནི་ཞིང་ཆེན་ནང་ཁུལ་གྱི་ཁུལ་དང་རྫོང་སོ་སོ་ནས་ཡོང་བ་ཡིན་ལ། ཁོ་ཚོས་དམག་སྒར་གྱི་འཚོ་བ་བརྒྱུད་དེ་རང་ཉིད་སྦྱོང་བརྡར་དང་རང་ཉིད་ཇེ་ལེགས་སུ་བཏང་ནས། ཏང་དང་མི་དམངས་ཀྱིས་སྤྲད་པའི་གཟི་བརྗིད་ལས་འགན་ཡོངས་འགྲུབ་བྱེད་པར་ནུས་ཤུགས་གང་ཡོད་འདོན་རྒྱུ་ཡིན་ཟེར།

  • ལེ་ཚན་སྔོན་མ།:མཚོ་སྔོན་པོ་རུ་ཆུ་ཉ་བྱ་གསུམ་མཉམ་འཚོ་བྱེད་པའི་སྐྱེ་ཁམས་དོ་མཉམ་གྱི་མ་ལག་ཐོག་མར་ཆགས་པ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་གྱིས་པ་རེན་རྒྱལ་ཁབ་ཀྱི་རྒྱལ་བོ་ཧཱ་མ་ཏི་དང་གླེང་མོལ་མཛད་པ།
  • དོ་སྣང་ཆེ་བའི་རྩོམ།