མཚོ་སྔོན་པོ་རུ་ཆུ་ཉ་བྱ་གསུམ་མཉམ་འཚོ་བྱེད་པའི་སྐྱེ་ཁམས་དོ་མཉམ་གྱི་མ་ལག་ཐོག་མར་ཆགས་པ།

    མཚོ་སྔོན་ཉིན་རེའི་ཚགས་པར།    2013-09-17

དུས་རབས་གསར་བར་བསླེབས་པའི་ཚུན་ནས། བསྟུད་མར་ལོ་བཅུ་གསུམ་རིང་མཚོ་སྔོན་པོར་མཚོ་བཀག་ཉ་གསོ་བྱས་པས། ད་ལྟའི་མཚོ་སྔོན་པོའི་གསེར་ཉའི་བསགས་ཚད་ཏུན་ཁྲི་གསུམ་དང་སྟོང་གསུམ་ལྔ་བརྒྱ་རེ་དགུ་ལ་བསླེབས་ནས། 2011ལོ་དང་བསྡུར་ན་ཏུན་ཁྲི་གསུམ་ལྷག་ཁ་སྣོན་བྱས་པ་དང་། གདོད་མའི་ཐོན་ཁུངས་ཀྱི་བསགས་ཚད་ཀྱི་བརྒྱ་ཆའི་བཅུ་གཅིག་ལ་བསླེབས།

གསེར་ཉའི་ཁྱུ་ཚོགས་ཀྱི་གྲངས་ཀ་རིམ་བཞིན་སླར་གསོ་བྱས་པ་དེས་མཐའ་འཁོར་ས་ཁུལ་གྱི་བྱ་རིགས་ཀྱི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་ཆེན་པོ་བྱུང་ནས། བྱ་རིགས་ཀྱི་གྲངས་ཀ་དེ་ཉིས་སྟོང་ལོའི་རིགས་སྣ་བརྒྱ་དང་རེ་བཞི་དང་གྲངས་ཀ་ཁྲི་ལྔ་ལས2012ལོའི་རིགས་སྣ་ཉིས་བརྒྱ་བཅུ་གཉིས་དང་གྲངས་ཀ་འབུམ་གསུམ་ལ་བསླེབས་ནས། ཆུ་དང་ཉ། བྱ་གསུམ་མཉམ་འཚོ་བྱེད་པའི་མཚོ་སྔོན་པོའི་སྐྱེ་ཁམས་དོ་མཉམ་གྱི་མ་ལག་ཅིག་ཐོག་མར་ཆགས།

དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་ནས་བཟུང་། མཚོ་སྔོན་པོའི་ཉ་ལས་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་ཆེད། མཚོ་སྔོན་ཞིང་ཆེན་གྱིས་སྔ་གཞུག་ཏུ་མཚོ་བཀག་ཉ་གསོ་བྱ་འགུལ་ཐེངས་ལྔར་སྤེལ། ལྷག་པར་དུ་དུས་རབས་གསར་བར་བསླེབས་པ་ནས་བཟུང་། བསྟུད་མར་ལོ་བཅུ་གསུམ་ལ་མཚོ་སྔོན་པོར་མཚོ་བཀག་ཉ་གསོ་ལག་བསྟར་བྱས་ནས། གསེར་ཉ་འཛིན་པ་དང་གསེར་ཉ་འཚོང་བ་དང་ལས་སྣོན་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བྱས་པ་དང་། གསོ་སྤེལ་ལ་ཤུགས་སྣོན་དང་ཉ་ཚེ་ཐར་ལ་གཏོང་བའི་བྱེད་ཐབས་སྤྱད་དེ། མཚོ་བཀག་ཉ་གསོ་ཡི་གྲུབ་འབྲས་མངོན་གསལ་བླངས། དེ་དང་མཉམ་དུ། མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་གཏོང་ཚད་དང་ཚན་རིག་ཞིབ་འཇུག་བྱེད་ཚད་ཇེ་ཆེར་བཏང་ནས། ཉ་གསོ་སྤེལ་དང་ཉ་ཚེ་ཐར་གཏོང་བའི་བྱེད་སྒོ་སྤེལ་བས། ཉ་ཕྲུག་གི་གསོན་ཚད་ཇེ་མང་དུ་སོང་།  

  • ལེ་ཚན་སྔོན་མ།:རྔ་བ་ཁུལ་དུ་ད་ལོ་ནས་བཟུང་ལོ་བཅོ་ལྔའི་འོས་འགན་སློབ་གསོ་ལག་བསྟར་བྱེད་འགོ་བརྩམས་པ།
  • ལེ་ཚན་རྗེས་མ།:མཚོ་སྔོན་གྱི་དམག་མི་གསར་བ་ཉིས་བརྒྱ་དང་བདུན་ཅུ་མཐའ་མཚམས་ས་ཁུལ་དུ་བསྐྱོད་པ།
  • དོ་སྣང་ཆེ་བའི་རྩོམ།