དབྱངས་ཅན་སྐྱིད། 2013-09-17
ཉེ་ལམ། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་སློབ་གསོ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ6པའི་ཚེས1ཉིན་སྤེལ་བའི《རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་སློབ་གསོའི་སྲོལ་ཡིག》ལས“གཞི་རྩའི་སྟེང་ནས་སློབ་སྔོན་སློབ་གསོ་དང་མཐོ་འབྲིང་སློབ་གསོ་ཁྱབ་གདལ”དང“ལོ་བཅོ་ལྔའི་འོས་འགན་སློབ་གསོ་ལག་བསྟར”གྱི་དམིགས་ཡུལ་གསལ་བོར་བསྟན་ཡོད་ཅིང་། རྔ་བ་ཁུལ་ཡོངས་སུ《ལོ་བཅོ་ལྔའི་འོས་འགན་སློབ་གསོ་ལག་བསྟར་གྱི་འཆར་ཇུས》དང《སློབ་སྔོན་གྱི་ལོ་གསུམ་འོས་འགན་སློབ་གསོ་ལག་བསྟར་གྱི་འཆར་ཇུས》སྒྲིག་བཟོ་བྱས་པ་དང་། 2013ལོའི་སྟོན་དུས་སློབ་སྐབས་ནས་བཟུང་། བྱིས་སྐྱོང་ཁང་གི་བྱིས་པར(ཕན་བདེ་རང་བཞིན་གྱི་དམངས་སྒྲུབ་བྱིས་སྐྱོང་ཁང་ཡང་འདུས)སློབ་སྔོན་སློབ་གསོའི་གསོ་སྐྱོང་རིན་ཡོན་ཉུང་བསྡུ་དང་ཡང་ན་རིན་མི་ལེན་པ་དང་། ཟས་རིན་ཁ་གསབ་རོགས་དངུལ་སྟེར་བ། སློབ་གྲྭའི་མཐོ་འབྲིང་སློབ་མར་མཐོ་འབྲིང་གི་སློབ་ཡོན་དང་བསླབ་གཞིའི་རིན་ཡོན་ཉུང་བསྡུ་དང་ཡང་ན་རིན་མི་ལེན་ལ། ནུས་པ་ཡོད་རྒུས2015ལོའི་བར་སློབ་སྔོན་སློབ་གསོར་དངོས་གནས་ཁྱབ་གདལ་དང་། 2017ལོའི་བར་མཐོ་འབྲིང་སློབ་གསོར་ཁྱབ་གདལ་དུ་གཏང་རྒྱུ་ཡིན་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10