ཡུལ་ཤུལ་ཁུལ་ནང་ཆེན་རྫོང་མོ་གྲོང་ཞང་གི་འབྲོག་ཁྱིམ་དགུ་བརྒྱ་དང་གྱ་ལྔ་ཁང་བ་གསར་བའི་ནང་སྤར་བ།

    མཚོ་སྔོན་གསར་འགྱུར་དྲ་བ།    2013-09-17

ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་མོ་གྲོང་ཞང་གིས་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ལེགས་འགྲུབ་བྱུང་བའི་དགའ་སྟོན་མཛད་སྒོ་བསྡུས་པར་མ་ཟད་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས།

ལོ་གསུམ་གྱི་རིང་ལ་བསྐྱར་འཛུགས་བྱས་པ་བརྒྱུད། མོ་གྲོང་ཞང་ལ་འགྱུར་ལྡོག་ལྡབ་འགྱུར་བྱུང་། མོ་གྲོང་ཞང་སེར་བོ་སྡེ་བའི་སྡེ་མི་ཨ་བཀྲ་ཡིས་བཤད་རྒྱུར། སྔོན་ཆད་ང་ཚོའི་ཁང་བ་ཚང་མ་ཤིང་ཁང་ཡིན་པ་དང་ད་ལྟའི་ཁང་བ་ཆེ་ཞིང་གྲལ་དག་ལ། གློག་དང་ཆུ་འཐེན་ཡོད་པས་འཚོ་བ་རོལ་སྟངས་སྔོན་ཆད་དང་གཏན་ནས་མི་འདྲ་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། མོ་གྲོང་ཞང་དུ་གནོད་འཚེའི་རྗེས་སུ་བསྐྱར་འཛུགས་ལས་གཞི་བསྡོམས་པས་སོ་གསུམ་ཡོད་པ་དང་དེའི་ཐད་ལ་མ་དངུལ་སྒོར་མོ་དུང་ཕྱུར་གསུམ་དང་བྱེ་བ་གཉིས་ས་ཡ་གཉིས་ལྷག་བཏང་། གནོད་འཚེའི་རྗེས་སུ་རོང་འབྲོག་པའི་ཁང་བ་དགུ་བརྒྱ་དང་གྱ་ལྔ་བསྐྱར་འཛུགས་བྱས་པ་དང་ཁང་བ་གོ་ལྔ་ཞིག་གསོ་དང་ཇེ་བརྟན་དུ་བཏང་ཞིང་མཁར་གྲོང་སྡོད་དམངས་ཀྱི་ཁང་བ་སོ་གཅིག་འཛུགས་སྐྲུན་བྱས། ད་ལྟ་ཞང་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཚང་མ་ཁང་བ་གསར་བའི་ནང་སྤར་ནས་བདེ་སྐྱིད་ཀྱི་འཚོ་བ་གསར་བ་རོལ་བཞིན་ཡོད།
 

  • ལེ་ཚན་སྔོན་མ།:མངའ་རིས་ས་ཁུལ་གྱིས་འགན་སྲུང་རང་བཞིན་གྱི་སྡོད་ཁང3312འཛུགས་བསྐྲུན་བྱེད་འགོ་བརྩམས་པ།
  • ལེ་ཚན་རྗེས་མ།:རྔ་བ་ཁུལ་དུ་ད་ལོ་ནས་བཟུང་ལོ་བཅོ་ལྔའི་འོས་འགན་སློབ་གསོ་ལག་བསྟར་བྱེད་འགོ་བརྩམས་པ།
  • དོ་སྣང་ཆེ་བའི་རྩོམ།