ཞི་ཅིན་ཕེན་གྱིས་པ་རེན་རྒྱལ་ཁབ་ཀྱི་རྒྱལ་བོ་ཧཱ་མ་ཏི་དང་གླེང་མོལ་མཛད་པ།

    ཞིན་ཧྭ་གསར་འགྱུར་དྲ་བ།    2013-09-17

ཞི་ཅིན་ཕེན་གྱིས་པ་རེན་རྒྱལ་ཁབ་ཀྱི་རྒྱལ་བོ་ཧཱ་མ་ཏི་དང་གླེང་མོལ་མཛད་པ།

ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་པ་རེན་གྱི་རྒྱལ་བོ་ཧཱ་མ་ཏི་དང་གླེང་མོལ་མཛད། གླེང་མོལ་གྱི་སྔོན་ལ། ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་ནས་ཧཱ་མ་ཏི་ལ་དགའ་བསུ་བཞུ་བའི་མཛད་སྒོ་བསྡུས།
 

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་པ་རེན་གྱི་རྒྱལ་བོ་ཧཱ་མ་ཏི་དང་གླེང་མོལ་མཛད། རྒྱལ་ཁབ་གཉིས་ཀའི་མགོ་གཙོས་ཀྲུང་གོ་དང་པ་རེན་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས་ཏེ། ལྟ་བ་གལ་ཆེན་གཅིག་མཐུན་བྱུང་།

ཞི་ཅིན་ཕེན་གྱིས་པ་རེན་ནི་ཀྲུང་གོའི་དབུས་ཤར་མཚོ་ཁུག་ས་ཁུལ་གྱི་མཉམ་ལས་གྲོགས་པོ་གཙོ་བོ་ཡིན་པས། ང་ཚོས་ཕན་ཚུན་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་སྐབས། ནམ་ཡང་ཕན་ཚུན་བརྩི་འཇོག་དང་། ལྷག་བསམ་ཟོལ་མེད་ཀྱི་ལྟ་སྟངས་འཛིན་པ་རྒྱུན་འཁྱོངས་བྱས་ལ། ཀྲུང་གོ་དང་པ་རེན་གཉིས་ནི་ཕན་ཚུན་ལ་ཡིད་ཆེས་ཤིང་མཉམ་ལས་ཟོལ་མེད་ཀྱི་གྲོགས་པོར་གྱུར་ཡོད། ད་ལྟའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་ཟབ་མོ་བྱུང་བའི་མདུན་དུ། རྒྱལ་ཁབ་གཉིས་ཀས་ངེས་པར་དུ་ཡུན་རིང་བརྟན་འཇགས་ཀྱི་མཛའ་མཐུན་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་པར་བརྩོན་ལེན་བྱེད་དགོས་ཞེས་བསྟན།

ཞི་ཅིན་ཕེན་གྱིས་གཅིག་ནས་ཕན་ཚུན་གྱི་ཆབ་སྲིད་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། གཉིས་ནས་དངོས་གཉེར་མཉམ་ལས་ཟབ་མོ་བྱེད་པ། གསུམ་ནས། མི་གཞུང་བརྗེ་རེས་རྒྱ་བསྐྱེད་པ། བཞི་ནས་ཕྱོགས་མང་མཉམ་ལས་ཟབ་མོ་བྱེད་དགོས་ཞེས་བསྟན་པར་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་པ་རེན་བར་འཛམ་གླིང་རང་བཞིན་གྱི་གནད་དོན་འགངས་ཆེན་དང་ས་ཁུལ་གྱི་གནད་དོན་གཙོ་བོའི་ཐད་འབྲེལ་འདྲིས་དང་མཐུན་སྦྱོར་བྱས་ཏེ། མཉམ་དུ་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་མཚོ་ཁུག་མཉམ་ལས་ཨུ་ཡོན་ལྷན་ཁང་གཉིས་ནི་ཆབ་སྲིད་དང་དཔལ་འབྱོར་ཉོ་ཚོང་། ནུས་ཁུངས་བཅས་ཀྱི་མཉམ་ལས་གྲོགས་པོ་བཟང་བོ་ཡིན་ལ། པ་རེན་ནི་མཚོ་ཁུག་མཉམ་ལས་ཨུ་ཡོན་ལྷན་ཁང་གི2013ལོའི་རེས་མོས་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པས། པ་རེན་ཕྱོགས་ཀྱིས་ཀྲུང་གོ་དང་དབུས་ཤར་མཚོ་ཁུག་རྒྱལ་ཁབ་བར་གྱི་འབྲེལབ་གོང་དུ་སྤེལ་བར་ནུས་བ་ཆེན་པོ་འདོན་དགོས་ཞེས་བསྟན།

གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀའི་མགོ་གཙོ་མཉམ་དུ་ནུས་ཁུངས་དང་ཁྲལ་དོན། འཕྲོད་བསྟེན། དངུལ་རྩ། སློབ་གསོ། རིག་གནས་སོགས་མཉམ་ལས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས། རྒྱལ་ཁབ་གཉིས་ཀས་ད་དུང་མཉམ་འབྲེལ་སྤྱི་སྒྲོག་སྤེལ།

  • ལེ་ཚན་སྔོན་མ།:མཚོ་སྔོན་གྱི་དམག་མི་གསར་བ་ཉིས་བརྒྱ་དང་བདུན་ཅུ་མཐའ་མཚམས་ས་ཁུལ་དུ་བསྐྱོད་པ།
  • ལེ་ཚན་རྗེས་མ།:རྡོ་རྗེ་མཁར་ལ་དཔའ་ངལ་ཞུམ་མེད་ཀྱི་ཕུལ་བྱུང་ན་གཞོན་གྱི་མཚན་སྙན་གནང་བ།
  • དོ་སྣང་ཆེ་བའི་རྩོམ།