ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གིས་ཀྲུང་དབྱང་ལྟ་རྟོག་མཛུབ་སྟོན་ཚན་ཆུང་གི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

    ཞིན་ཧྭ་གསར་འགྱུར་དྲ་བ།    2013-09-16

ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གིས་ཀྲུང་དབྱང་ལྟ་རྟོག་མཛུབ་

ཟླ་དགུ་བའི་ཚེས་བཅུ་གསུམ་ཉིན། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གིས་ཚེས་བཅུ་གསུམ་ཉིན་པེ་ཅིན་ནས་ཀྲུང་དབྱང་ལྟ་རྟོག་མཛུབ་སྟོན་ཚན་ཆུང་གི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིག་ཡུན་ཧྲན་གྱིས་ཚོགས་ཐོག་ནས་གསུངས་བཤད་གནང་།

ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གིས་ཚེས་བཅུ་གསུམ་ཉིན་པེ་ཅིན་ནས་ཀྲུང་དབྱང་ལྟ་རྟོག་མཛུབ་སྟོན་ཚན་ཆུང་གི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིག་ཡུན་ཧྲན་གྱིས་ཚོགས་ཐོག་ནས་གསུངས་རྒྱུར། ལག་ལེན་ནན་མོ་བྱེད་རྒྱུ་ནི་ཀྲུང་དབྱང་གིས་སློབ་གསོ་ལག་ལེན་བྱ་འགུལ་ཐད་བཏོན་པའི་རེ་བ་གལ་ཆེན་ཡིན་པ་དང་། ལྟ་རྟོག་མཛུབ་སྟོན་བྱ་བའི་སྲུང་བྱ་གལ་ཆེན་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ལྟ་རྟོག་ཞིབ་བཤེར་བྱ་བ་བཟང་བོར་བསྒྲུབ་དགོས་ལ། ལག་ལེན་ནན་མོ་བྱེད་རྒྱུ་དེ་སློབ་གསོ་ལག་ལེན་བྱ་འགུལ་གྱི་བརྒྱུད་རིམ་ཡོངས་སུ་མཚོན་པར་བྱེད་དགོས་ཟེར།

ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་དང་གཞུང་སྒྲུབ་ཁང་གིས་ལྟ་རྟོག་མཛུབ་སྟོན་ཚན་ཁག་གི་མཛུབ་སྟོན་བྱ་བར་ཤུགས་སྣོན་པ་དང་ཁོ་ཚོས་སྤོབས་པ་ཆེན་པོས་བྱ་བ་སྒྲུབ་པར་རྒྱབ་སྐྱོར་བྱེད་དགོས་ལ། ལས་ཁུངས་དང་སྡེ་ཁག་སོ་སོས་ལྟ་རྟོག་མཛུབ་སྟོན་བྱ་བར་ཆ་རྐྱེན་བཟང་བོ་བསྐྲུན་དགོས། ལྟ་རྟོག་མཛུབ་སྟོན་ཚན་ཁག་གིས་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཀྲུང་དབྱང་གི་དགོངས་དོན་སྣ་ཚོགས་དངོས་འབེབས་བཟང་བོ་བྱེད་དགོས་ལ། འབྲེལ་ཡོད་སྲིད་ཇུས་གསལ་བོར་ཤེས་པར་བྱེད་པ་དང་བྱ་བའི་སྒྲིག་ལམ་སྣ་ཚོགས་བརྩི་སྲུང་ནན་མོ་བྱས་ནས། ལྟ་རྟོག་མཛུབ་སྟོན་བྱ་བའི་ཐད་ནས་གྲུབ་འབྲས་བཟང་བོ་ལེན་དགོས་ཟེར།

  • ལེ་ཚན་སྔོན་མ།:ལིག་ཡུང་ཧྲན་གྱིས་པེ་ཅིན་སྐྱེད་ཚལ་གླིང་གའི་བྱ་བར་རྟོག་ཞིབ་མཛད་པ།
  • ལེ་ཚན་རྗེས་མ།:ཀྲུང་གོ་རྒྱལ་སྤྱིའི་ཡུལ་སྐོར་ཚོང་འདུས་དེ་སྤྱི་ཟླ10པའི་ཚེས24ཉིན་ནས27ཉིན་བར་ཡུན་ནན་ཁུན་མིང་དུ་སྐོང་འཚོ
  • དོ་སྣང་ཆེ་བའི་རྩོམ།