ཀྲུང་གོའི་བོད་སྐད་རླུང་འཕྲིན། 2013-09-17
ཡུན་ནན་ཞིང་ཆེན་ཡུལ་སྐོར་གོང་འཕེལ་ཨུ་ཡོན་ལྷན་ཁང་གིས་སྤྱི་ཟླ9བའི་ཚེས13ཉིན་གསར་འགྱུར་མཚམས་སྦྱོར་འོས་སྦྱོར་ཚོགས་འདུ་སྐོང་འཚོགས་བྱས་པ་རེད། བརྡ་ཁྱབ་བཏང་བར་གཞིགས་ན། ད་ལོའི་ཡུལ་སྐོར་ཚོང་འདུས་དེར་འགོ་ཚུགས་མཛད་སྒོ་སྟེ་སྣེ་ལེན་སྤྲོ་ཚོགས་གཉེར་རྒྱུ་མིན་པར་འགྲེམས་ཁང་དུ་འགྲེམས་ཁང་སྒོ་ཕྱེ་བ་དང་འགྲེམས་ཁང་ལ་སྐོར་བསྐྱོད་ཀྱི་བྱེད་སྒོར་བཅོས་རྒྱུ་དང་། གཙོ་གནད་ཐོག་ཡུན་ནན་གྱི་གཞི་རྒྱུ་དང་སྟབས་བདེ་བབ་ཆགས་ཀྱི་ཉམས་འགྱུར་མངོན་པར་བྱ་རྒྱུ་ཡིན་པ་རེད། ཡུལ་སྐོར་ཚོང་འདུས་རིང་གསོལ་སྟོན་བཤམས་ནས་མགྲོན་པོ་སྐད་གཏོང་རྒྱུ་མིན་པར་རང་འདེམས་ཟས་རིགས་རྣམ་པར་འགྱུར་རྒྱུ་ཡིན་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10