ལིག་ཡུང་ཧྲན་གྱིས་པེ་ཅིན་སྐྱེད་ཚལ་གླིང་གའི་བྱ་བར་རྟོག་ཞིབ་མཛད་པ།

    ཞིན་ཧྭ་གསར་འགྱུར་དྲ་བ།    2013-09-16

 ལིག་ཡུང་ཧྲན་གྱིས་པེ་ཅིན་སྐྱེད་ཚལ་གླིང་གའི་བྱ་བར་རྟོག་ཞིབ་མཛད་པ།

ཟླ་དགུ་བའི་ཚེས་བཅུ་བཞིའི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུང་ཧྲན་པེ་ཅིན་སྐྱེད་ཚལ་བཤམས་སྟོན་གླིང་ག་ནས་རྒྱལ་སའི་མང་ཚོགས་དང་ལྷན་དུ་རྒྱལ་ཡོངས་ཚན་རིག་ཁྱབ་བརྡལ་ཉིན་མོའི་པེ་ཅིན་ཚོགས་ར་གཙོ་བོའི་བྱ་འགུལ་ལ་ཞུགས།


ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུང་ཧྲན་དང་ལིག་ཡན་ཏུང་། ལིག་ཆི་པོ། ལིས་ཡོན་ཁྲའོ། ཀྲོ་ལི་ཅི། གོ་ཅིན་ལུང་། ཧན་ཆི་ཏི་སོགས་མགོ་ཁྲིད་བློ་མཐུན་ཟླ་དགུ་བའི་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར་པེ་ཅིན་སྐྱེད་ཚལ་གླིང་གར་ཕེབས་ཏེ། རྒྱལ་སའི་མང་ཚོགས་དང་ལྷན་དུ་རྒྱལ་ཡོངས་ཚན་རིག་ཁྱབ་བརྡལ་ཉིན་མོའི་པེ་ཅིན་ཚོགས་ར་གཅོ་བོའི་བྱ་འགུལ་ལ་ཞུགས། ལིག་ཡུང་ཧྲན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ནི་དེང་རབས་ལ་མཛད་རྗེས་ཡོད་ཅིང་། སྐལ་བརྒྱར་ཕན་པའི་དོན་དག་འགངས་ཆེན་ཞིག་ཡིན་པས། སྐྱེ་ཁམས་དཔལ་ཡོན་དྲིག་སྒྲོག་བྱེད་པར་ཤུགས་སྣོན་དང་། ཚན་རྩལ་ཤེས་བྱ་ཁྱབ་བརྡལ་དུ་གཏོང་བར་ཤུགས་བསྣན་ནས། མཉམ་དུ་མཛེས་སྡུག་ཡིད་དུ་འོང་བའི་ཀྲུང་གོ་བསྐྲུན་པའི་སྤྱི་ཚོགས་སྣང་ཚུལ་ཞིག་ཆགས་པར་ཡར་སྐུལ་གཏོང་དགོས་པ་ནན་གྱིས་བསྟན།
ད་ལོའི་རྒྱལ་ཡོངས་ཚན་རྩལ་ཁྱབ་བརྡལ་ཉིན་མོ་བྱ་འགུལ་དང་པེ་ཅིན་ཚོགས་ར་གཙོ་བོའི་བྱ་འགུལ་གྱི་བརྗོད་བྱ་གཙོ་བོ་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། རབ་མཛེས་ཀྲུང་གོ་འཛུགས་སྐྲུན་བྱེད་པ་ཞེས་པ་ཡིན་ལ། བརྗོད་བྱ་དེར་དམིགས་ཏེ། རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་ཚན་རྩལ་ཁྱབ་བརྡལ་བྱ་འགུལ་ཁྲི་གཅིག་དང་སྟོང་གཅིག་ལྷག་སྤེལ་རྒྱུ་དེ་རེད།
སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང་། ལིག་ཡུང་ཧྲན་སོགས་མགོ་ཁྲིད་བློ་མཐུན་མཛེས་སྡུག་གི་ཁོར་ཡུག་མཉམ་དུ་སྐྲུན་པ་ཞེས་བཤམས་སྟོན་དུ་ཕེབས་ཏེ། མཁའ་དབུགས་སྦོག་བཙོག་ཤེས་བྱ་དང་། གློག་རྒྱང་རིང་ནས་ཡོང་བ། བརླན་ས་ཉམས་གསོ། ཤོག་བཟོ་བཟོ་ལས་ཆུ་རྙོག་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་གནས་ཚུལ་ལ་གཟིགས་པར་མ་ཟད། པེ་ཅིན་ལྷོ་ཆུ་བྱང་འདྲེན་བཟོ་སྐྲུན་བཤམས་སྟོན་ཁུལ་ཏུ་ཕེབས་ཏེ། ལིག་ཡུང་ཧྲན་གྱིས་གནས་ཚུལ་མཚམས་སྦྱོར་ལ་ཞིབ་ཏུ་ཉན་པ་དང་། ལྷོ་ཆུ་བྱང་འདྲེན་བཟོ་སྐྲུན་གྱིས་པེ་ཅིན་དུ་ཆུ་དཀོན་པའི་དཀའ་ཁག་སེལ་བར་བྱས་རྗེས་བཞག་པ་ལ་གདེངས་འཇོག་མཐོན་པོ་གནང་།
ལྟ་སྐོར་མཇུག་རྫོགས་རྗེས། ལིག་ཡུང་ཧྲན་གྱིས་ཚན་རྩལ་ཁྱབ་བརྡལ་ཉིན་མོའི་བྱ་འགུལ་སོགས་ཚུལ་མང་པོར་བརྟེན་པ་དང་། མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བའི་དོན་དངོས་དང་ཟུང་དུ་སྦྲེལ་ནས། སྐྱེ་ཁམས་དེ་མི་དམངས་ཀྱི་བདེ་སྐྱིད་དང་མི་རིགས་ཀྱི་འབྱུང་འགྱུར་ལ་འབྲེལ་བ་ཆེན་པོ་ཡོད་པའི་སྐོར་དྲིལ་སྒྲོག་བཟང་བོ་བྱེད་པ་དང་། སྤྱི་ཚོགས་ཡོངས་སུ་རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཆགས་པར་ཁྲིད་སྟོན་བྱས་ཏེ། ལྷད་མེད་དང་ཐན་ཉུང་། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཐོན་སྐྱེད་དང་འཚོ་བའི་གོམས་སྲོལ་ཞིག་ཆགས་པར་བྱེད་དགོས་ཞེས་གསུངས་བར་མ་ཟད། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱིས་ཚན་རྩལ་ཁྱབ་བརྡལ་ཤེས་བྱ་དྲིལ་སྒྲོག་བྱེད་པར་ཤུགས་སྣོན་དང་། ཉན་སྤྲོ་ཞིང་ལྟ་འདོད་པའི་ཚན་རྩལ་ཁྱབ་བརྡལ་བྱ་འགུལ་མང་པོ་སྤེལ་ཏེ། ཚན་རྩལ་ཤེས་བྱ་དང་ཚན་རྩལ་གྲུབ་འབྲས་དེ་ཞིང་སྡེ་དང་སྡོད་ཁུལ་གྱི་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་བརྡལ་དུ་གཏོང་རྒྱུ་དང་། རྒྱ་ཆེའི་ཚན་རྩལ་དང་སློབ་གསོ་བྱ་བ་སྒྲུབ་མཁན་གྱིས་ཚན་རིག་གི་བསམ་བློ་དང་ཚན་རིག་སྙིང་སྟོབས་དར་སྤེལ་དང་། ཚན་རིག་ཤེས་བྱ་སྤེལ་ཏེ། ཚན་རིག་ལ་དགའ་བ་དང་ཚན་རིག་སློབ་པ། ཚན་རིག་བཀོལ་སྤྱོད་བྱེད་པའི་སྲོལ་བཟང་ཞིག་ཆགས་པར་ཡར་སྐུལ་གཏོང་དགོས་པའི་ཐུགས་རེ་བཏོན།

  • ལེ་ཚན་སྔོན་མ།:བོད་ཀྱི་སློབ་ཁྲིད་ཐོན་ཁུངས་དྲ་ཚིགས་ཉེ་ལམ་དྲ་བར་ཤར་གཏོང་བྱས།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གིས་ཀྲུང་དབྱང་ལྟ་རྟོག་མཛུབ་
  • དོ་སྣང་ཆེ་བའི་རྩོམ།